རང་ཁུལ་གྱིས་སྐྱེ་ཁམས་ཁུལ་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས།

        2024-05-15

ན་ནིང་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ དུང་ཕྱུར55མངོན་འགྱུར་བྱུང་།


ཉེ་ཆར། གསར་འགོད་པས་ཁུལ་ནགས་རྩྭ་ཅུས་ནས་ཤེས་རྟོགས་བྱུང་པར་གཞིགས་ན། 2023ལོར་ཁུལ་ཡོངས་ཀྱི་ནགས་རྩྭ་མ་ལག་གིས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གནས་བབ་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་ཁུལ་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་འཕེལ་རྒྱས། སྐྱེ་ཁམས་ཉེན་མེད་བཅས་ཀྱི་ཐད་དཔའ་ངར་ཆེན་པོས་འགན་ཁུར་བ་དང་།ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་ཁུལ་སྐྱོང་། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་ཐད་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར55མངོན་འགྱུར་བྱུང་ཞིང་། དེའི་ནང་ནགས་ལས་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.65ལ་ཟིན་པས་དུས་མཚུངས་ལས་བརྒྱ་ཆ41.9འཕར་བ་རེད།


2023ལོར་རང་ཁུལ་གྱི་མིས་བཟོས་ནགས་སྐྲུན་དང་ཞན་འགྱུར་རྩྭ་ཐང་བཅོས་སྐྱོང། བྱེར་འགྱུར་ས་ཞིང་བཅོས་སྐྱོང་བཅས་ཀྱི་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཁུལ་ནགས་རྩྭ་ཅུས་ལ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྔོན་ཐོན་ཐུན་མོང་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་ཏང་སྲིད་འགན་འཁྲི་མཉམ་འཁུར་བྱ་བའི་སྔོན་ཐོན་ཐུན་མོང་གི་བྱ་དགའ་ཁག16ཐོབ་པ་རེད།།


བདེ་སྐྱིད་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:མང་ཚོགས་ཀྱིས་བཅོལ་དངུལ་ཤུལ་འཛིན་བྱེད་སྟངས་དེ་བས་སྟབས་བདེ་རུ་བཏང་བ།
  • ལེ་ཚན་རྗེས་མ།:ལྕགས་་སྲིབ་མྱུར་ལམ་གྱི་སྲིབ་སྨད་ལམ་དུམ་དུ་ད་ལོའི་ལོ་མཇུག་ནས་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།