དུས་ཚིགས་ཀྱི་གསང་བ།

        2024-05-10

དཔྱིད་ཀ།

སྔོ་ལྗང་གི་ཚེ་སྲོག་ཕྲ་མོས། །

དགུན་དུས་ཀྱི་གྲང་ངར་བཟོད་དེ། །

ཚེ་སྲོག་གི་གསོན་ཤུགས་ཕྲ་མོ། །

དཔྱིད་དུས་ཀྱི་དུས་འདིར་འབུས་སོང་། །


དབྱར་ཁ།

སྔོ་ལྗང་གི་འཛིན་མའི་བཞིན་དུ། །

འཇའ་ཚོན་གྱི་མེ་ཏོག་བཞད་ཞོར། །

སྦྲང་ཆར་གྱི་བདུད་རྩིའི་ཆབ་རྒྱུན། །

དབྱར་དུས་ཀྱི་དུས་འདིར་ཕབ་སོང་། །


སྟོན་ཁ།

གསེར་མདོག་གི་ཞིང་ཐང་སྙེ་མས། །

འཇོན་ཉམས་ཀྱི་སྤོབས་པའི་ངང་ནས། །

སྒུར་སྒུར་གྱི་ཁུར་བའི་འབྲུ་སྣ། །

སྟོན་དུས་ཀྱི་དུས་འདིར་སྨིན་སོང་། །


དགུན་ཁ།

ཁེར་རྐྱང་གི་ས་གཞི་ཆེན་པོས། །

གྲར་ངར་གྱི་སྤུ་གྲི་ཁྱེར་ཏེ། །

གསེར་མདོག་གི་ལོ་མར་བཙུགས་ཞོར། །

དགུན་དུས་ཀྱི་དུས་འདིར་བྲོས་སོང་། །

༼ ཞུམ་མེད་ར་མདའ། ༽


  • ལེ་ཚན་སྔོན་མ།:སྣང་བའི་མགུར་མ།
  • ལེ་ཚན་རྗེས་མ།:ལས་སྨོན་གྱི་སྒྲུང་།