《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྐོར་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་སྐོར་གྱི་གསལ་བཤད་བཀོད།

སྐལ་ཐུབ་ཀྱིས་བསྒྱུར།        2024-08-21

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ8པའི་ཚེས16ཉིན་ལ་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《〈སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན〉སྐོར་གྱི་གསལ་བཤད》བཀོད་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལས་འགན་གཙོ་བོར་དམིགས་ནས་བསྒྱུར་བཅོས་བཀོད་སྒྲིག་བྱེད་པ་ནི་ཏང་གིས་བསྒྱུར་བཅོས་སྒོ་འབྱེད་ལ་འགོ་ཁྲིད་པའི་ལམ་ལྷོངས་ཉམས་མྱོང་རེད། ལག་ལེན་ཉམས་མྱོང་དང་དངོས་ཡོད་དགོས་མཁོར་ནས་འགོ་བརྩམས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་གནད་དོན་ཞིབ་འཇུག་བྱ་རྒྱུ་གཏན་ལ་ཕབ་ཡོད། གཙོ་བོར་གཤམ་གྱི་ཕྱོགས་འགའ་ནས་བསམ་བློ་བཏང་བ་སྟེ། གཅིག་ནི་མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་ཏང་གི་ལས་འགན་གཙོ་བོ་འགྲུབ་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་ཞིང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། གསུམ་ནི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕོ་འགྱུར་ལ་དེ་བས་འཕྲོད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། བཞི་ནི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་འཇལ་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་པོའི་ངང་ནས་ཕུགས་རིང་དུ་བསླེབ་པར་སྐུལ་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཆོད་དོན་གྱི་འཆར་ཟིན་འབྲི་པའི་བརྒྱུད་རིམ་ཁྲོད་དུ། ང་ཚོས་གཙོ་བོར་གཤམ་གྱི་ཕྱོགས་འགའ་ཁོང་དུ་ཆུད་པར་བྱ་དགོས་པ་སྟེ། གཅིག་ནི་བསྒྱུར་བཅོས་སྒོ་འབྱེད་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། བསྲུང་བྱའི་རྩ་དོན་གཏན་འབེབས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོང་དགོས། གཉིས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་བ་ནས་སྔར་བས་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་ཇུས་འགོད་བྱེད་ཅིང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོང་དགོས། གསུམ་ནི་གཙོ་གནད་དམ་དུ་བཟུང་སྟེ། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་མངོན་པར་གསལ་བ། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པའི་བསྒྱུར་བཅོས་གལ་ཆེན་མངོན་གསལ་དོད་པ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ་དང་བསྒྱུར་བཅོས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་བྱ་དགོས། བཞི་ནི་མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་པ་སྟེ། མི་དམངས་མང་ཚོགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ནས་བསྒྱུར་བཅོས་ལ་ཇུས་འགོད་དང་བསྐུལ་དགོས། ལྔ་ནི་རྒྱུད་རིམ་འདུས་གྲུབ་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། བསྒྱུར་བཅོས་ལ་སྤྱི་ཡོངས་ཇུས་འགོད་དང་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། ཕྱོགས་ཁག་གི་བསྒྱུར་བཅོས་ཕན་ཚུན་རམ་འདེགས་དང་མཉམ་ལས་ལས་ཕྱོད་ཆེ་རུ་ཡོང་བ་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆོད་དོན་དུ2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་དུ་འགྱུར་བར་དམིགས་ནས། འབྱུང་འགྱུར་ལོ་ལྔའི་བསྒྱུར་བཅོས་གལ་ཆེན་གྱི་བྱེད་ཐབས་གཙོ་གནད་དུ་བཀོད་སྒྲིག་བྱས་ཡོད། དང་པོ་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་པར་དོ་སྣང་བྱ་དགོས། གཉིས་པ། གསར་གཏོད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་དོ་སྣང་བྱ་དགོས། གསུམ་པ། བསྒྱུར་བཅོས་ཁྱོན་ཡོངས་ནས་བྱེད་པར་དོ་སྣང་བྱ་དགོས། བཞི་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་དོ་སྣང་བྱ་དགོས། ལྔ་པ། ཏང་གིས་བསྒྱུར་བཅོས་ལ་འགོ་ཁྲིད་པར་དོ་སྣང་བྱ་དགོས།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནས་རིག་གནས་དང་རང་བྱུང་ཤུལ་བཞག་ཐད་ནན་སྟོན་གནང་དོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།