ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

        2024-08-26

སྤྱི་ཟླ8ཚེས21ཉིན་ལ། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་སྦྱོང་བྱེད་ཅིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུར་བསྟན་དོན། ད་ལོ་ཆུ་འབྲུབ་ཚུན་ལ། ཁུལ་ཡོངས་ཀྱི་དྲག་ཆར་འབབ་གྲངས་མང་བ་དང་ཆར་ཚད་ཆེ་ལ། ཐལ་དྲགས་རང་བཞིན་དང་ཁེབས་རྒྱ་ཆེ་བ་རེད། རིམ་ཁག་དང་སྡེ་ཁག་གིས་ལས་དོན་འབོར་ཆེན་བསྒྲུབས་ཤིང་དཀའ་སྤྱད་འབད་བརྩོན་བྱས་ནས་གནོད་འཚེ་ཐེངས་མང་ལས་གཡོལ་ཐུབ་ཡོད། ད་ཆར་སྔར་བཞིན་འབྲུབ་འགོག་གི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། འབྲུབ་འགོག་འབྲུག་བརྒལ་དང་གནོད་སེལ་འཚུབ་བསྟུན། ཉེན་མེད་ཐོན་སྐྱེད་བཅས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེན་པོ་ཡིན་པས། རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་། ཞིང་དཔོན་ཧྲི་ཞའོ་ལིན་གྱིས་ལས་ཡུལ་དངོས་སུ་དར་མདོ་གུར་དྲག་ཏུ་བརྒྱད་པའི་ཚེས30ཉིན་ལ་ཆུ་ལོག་བྱུང་བའི་གནོད་སེལ་ལས་ཀར་མཛུབ་སྟོན་གནང་བའི་བླང་བྱ་དོན་ལ་ནན་པོར་འཁྱོལ་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་གཞག་པ་དང་། དྲོད་ཁོལ་དང་བརྩེ་དུང་བཅངས་ནས་རྐྱེན་ལམ་དུ་ཤོར་བ་དང་གར་སོང་ཆ་མེད་དུ་སོང་བའི་མི་སྣའི་ཁྱིམ་མིར་སེམས་གསོ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཅིང་། གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྐུལ་ཤུགས་ཆེ་རུ་བཏང་ནས། གནོད་འཚེ་ཕོག་ཁུལ་མང་ཚོགས་དང་ལག་གདང་སྦྲེལ་ནས་མཉམ་དུ་དཀའ་གནད་ལས་སྒྲོལ་ཐུབ་པ་བྱ་དགོས། གནམ་གཤིས་ཐལ་དྲགས་ཐོལ་དུ་བྱུང་ཞིང་ལན་མང་ཐོན་པའི་གནས་བབ་གསར་པ་དང་འགྱུར་ལྡོག་གསར་པར་གཞིགས་ནས། སྔོན་དཔོག་དང་སྔོན་ཞུ། སྔོན་རྟོག་གི་གནད་འཁེལ་ཚད་དང་དུས་ནུས་ཇེ་ཆེར་གཏོང་བ་དང་། “གཟུར་གཡོལ་གསུམ”དང“ཕྱིར་འཐེན་ཛ་དྲག་པོ་གསུམ”གྱི་བླང་བྱ་འགྱུར་མེད་དང་འབོད་སད་བརྡ་ལེན་ལམ་སྲོལ་དོན་ཐོག་ནན་པོར་འཁྱོལ་ཏེ། ཉེན་སེལ་གནོད་སྐྱོབ་ཀྱི་བྱེད་ཐབས་དོན་ལ་འཁྱོལ་དགོས། འཚུབ་བསྟུན་གྲ་སྒྲིག་ལ་དམ་འཛིན་ཏན་ཏིག་བྱེད་ཅིང་། “རིམ་པ་ཕྱེ་ནས་འགན་འཁུར་བ་དང་། རིམ་པ་ཕྱེ་ནས་གྲབས་གསོག། རིམ་པ་ཕྱེ་ནས་དོ་དམ”བཅས་ཀྱི་རྩ་དོན་ལྟར་གནོད་འགོག་གནོད་སྐྱོབ་དངོས་ཟོག་སྔར་བས་ཁ་གསབ་འདང་ངེས་དང་གསར་དུ་བརྗེས་ཤིང་། ཆུ་ཚོད24རིང་གི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་ཚད་ལྡན་ངང་ཡར་ལ་ཞུ་དགོས། ས་སྐྱོན་འགོག་བཅོས་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་ལམ་རྐོ་བཤང་དང་རྨང་གཞིའི་སྒྲིག་བཀོད་སླར་གསོ་རིམ་པ་སྤར་མགྱོགས་པོར་བྱེད་ཅིང་། གནོད་འཚེ་ཕོག་རྗེས་ཀྱི་གནོད་ཐེབས་དཔྱད་དཔོག་དང་སླར་གསོ་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བསྐུལ་ཏེ། གནོད་འགོག་གནོད་བསྙུང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། འབྲུབ་འགོག་དང་ས་གཤིས་གནོད་འཚེའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་གནོད་འགོག་གནོད་བསྙུང་གི་འདུ་ཤེས་དང་རང་སྐྱོབ་གཞན་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཞིང་། གནོད་འགོག་གནོད་བསྙུང་ནང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས།

ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ7ཚེས 30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ནང་དུ་ད་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་ཟབ་རྒྱས་གནང་ནས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་བཅས་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གིས་ད་སྔའི་དཔལ་འབྱོར་གནས་བབ་ལ་བརྡར་ཤ་གལ་ཆེན་བཅད་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་བཅང་ཞིང་འཐབ་ཇུས་ཀྱི་ངེས་ཤུགས་བསྲུངས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་འགྲུབ་པར་བྱས་ཏེ་གྲུབ་འབྲས་དེ་བས་བཟང་པོར་འཐོབ་པར་བརྩེན་ལེན་བྱ་དགོས། སྲིད་ཇུས་ཀྱི་གོ་སྐབས་གསར་པ་བེད་སྤྱོད་ཡག་པོ་བྱས་ཤིང་། དོན་ཐོག་བསྒྱུར་བའི་ཤུགས་རྒྱག་ས་དང་གནད་བརྟོལ་ས་གནད་སྨིན་བཙལ་ནས་སྲིད་ཇུས་ཀྱི་ཁེ་ཕན་དེ་འཕེལ་རྒྱས་གཏོང་བའི་ཕན་འབྲས་སུ་ཏན་ཏིག་བསྒྱུར་དགོས། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། ལས་གཞི་ལ་བརྟེན་ནས་མ་དངུལ་འཇོག་པར་སྐུལ་བ་དང་། “དོན་ཆེན་གསུམ”གྱི་ཁྱད་ཡོན་སྟོབས་ཆེར་གཏོང་བ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་ནན་ཏིག་གིས་སྐུལ་བ། དཔལ་འབྱོར་རྒྱུན་སྲིང་སླར་འཕར་ཡོང་བའི་གནད་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་དང་། དམངས་འཚོའི་འགན་སྲུང་དང་དངུལ་རྩའི་ཁྱབ་ཁོངས། ཉེན་མེད་ཐོན་སྐྱེད། གནོད་འགོག་གནོད་བསྙུང་། འབྲུ་རིགས་ཉེན་མེད་སོགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁར་དམིགས་ནས་བཀོད་སྒྲིག་དང་དོགས་ཟོན་དམིགས་ས་ཡོད་པར་བྱས་ཏེ། བདེ་འཇགས་ཆུ་ཚད་མཐོན་པོ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་མཉམ་འགུལ་བཟང་པོར་ཡོང་བར་འབད་བརྩོན་བྱ་དགོས། གཞི་རིམ་དམ་འཛིན་དང་དོན་འཁྱོལ་དམ་འཛིན་གྱི་ཁྲིད་ཕྱོགས་མངོན་གསལ་བྱེད་ཅིང་། ཕྱི་ཚུལ་རིང་ལུགས་བྱུང་མང་བའི་གཙོ་གནད་ཁྱབ་ཁོངས་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་དོད་པོ་ཤུགས་ཆེན་པོས་དག་ཐེར་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་དངོས་གནས་ཡང་དུ་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་དང་། ཏང་ཕྱིའི་མི་སྣས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་དོན་ལ་འཁྱོལ་བ་དེ་སྲིད་གླེང་ཇུས་འདོན་གྱི་ནང་དོན་གཙོ་བོར་བརྩིས་ནས། བསྒྱུར་བཅོས་ཀྱི་ཐུན་མོང་གི་ངོས་འཛིན་སྔར་བས་ཆེ་རུ་གཏོང་བ་དང་བསྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློ་རིག་དང་སྟོབས་ཤུགས་སྔར་བས་མང་པོ་འབུལ་དགོས།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་ནས་ལས་ཁུངས་ཀྱི་ཏང་སྐྱོང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒྲོག་སྦྱོང་བྱས། རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ་དང་ཏང་ལ་བློ་དཀར་སློབ་གསོ་མཐར་ཕྱིན་སྤེལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ་བསྟན་ཡོད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་ཤུགས་བརྒྱག་རྒྱུའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྒྲོག་སྦྱོང་བྱས་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཕན་རོགས་གནའ་ཤུལ་གྱི་གནའ་རྟོག་སྔོག་འདོན་དང་ཞིབ་འགྲེལ་རྒྱུན་མཐུད་བྱེད་པ། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་འཕེལ་རྒྱས་ལས་གཞི་ལག་ལེན་མཐར་ཕྱིན་བསྟར་ནས། རིག་གནས་ཤུལ་རྫས་སྲུང་སྐྱོང་ཆེན་མོའི་གནས་བབ་ཆགས་པར་ཤུགས་བརྒྱག་དགོས་པ་བསྟན་ཡོད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨའོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཡན་ཏན་ཅང་ཁོའུ་གྲོང་ཁྱེར་གྱི་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པར་འཕྲིན་ལན་བསྐུར་ནས་སྐུལ་མ་གནང་བའི་དགོངས་དོན། ཞིང་ཆེན་ཏང་ཨུའི་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་བཅས་སྒྲོག་སྦྱོང་བྱས་ཡོད།

ཚོགས་འདུར་ན་ལོའི་ཟླ་བ་དགུ་པའི་ཚེས་ལྔ་ཉིན་ལྕགས་ཟམ་ཁར་ས་འགུལ་བྱུང་ནས་གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་གནས་ཚུལ་སྙན་ཞུ་དང་། རང་ཁུལ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བར་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་དཔོག་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་འཇོག་བྱས་པ་རེད།

ཚོགས་འདུར་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།

 སྐལ་ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བགྲང་བྱ་བདུན་ཅུའི་སྣག་སྨྱུག་གི་བགྲོད་ལམ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྩོམ་པ་པོ་གཡང་མཚོའི་ལྷུག་རྩོམ་ ཞིག་ལ་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།