གསར་འགྱུར་གནད་བསྡུས།

        2024-08-26

༄༅།། སྤྱི་ཟླ8པའི་ཚེས19ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གཡག་རྔ་དང་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁའི་ལམ་མཚམས་སུ་ཕུག་ལམ་བར་གྱི་ཟམ་པ་བརྡིབས་པའི་ཡུལ་དངོས་སུ་ཕེབས་ནས་མྱུར་བགྲོད་གཞུང་ལམ་མྱུར་དུ་བཟོས་ཏེ་རླངས་འཁོར་ཤར་གཏོང་ཐུབ་པའི་འཕེལ་རིམ་ལ་ལྟ་ཞིབ་གནང་བ་དང་། ཉེན་སེལ་གནོད་སྐྱོབ་དང་གནོད་འཚེ་ཐེབས་རྗེས་བསྐྱར་འཛུགས་སླར་གསོའི་ལས་བྱེད་པ་དང་ལས་བཟོ་ཚོར་འཚམས་འདྲི་གནང་ཞིང་། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རི་བརྒལ་ལུང་པའི་ཟམ་ཆེན་གཡོན་ཕྱོགས་ཀྱི་གནས་སྐབས་སྤྱོད་ཟམ་བཙུགས་ཐུབ་པར་རྟེན་འབྲེལ་ཞུས་པར་མ་ཟད། འཛུགས་སྐྲུན་ལ་ཞུགས་པའི་སྡེ་ཚན་དང་བཟོ་པ་རྒྱ་ཆེན་ལ་བཀའ་དྲིན་ཆེ་ཞུས་པ་རེད།།

༄༅།། སྤྱི་ཟླ8པའི་ཚེས19ཉིན་ལ། ཀྲུང་གོ་སྨན་པ་དཀའ་བཅུ་པའི་དུས་ཆེན་ཤར་བ་དང་བསྟུན་ནས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འགའ་ཤས་སུ་ཕེབས་ནས་ལས་ཡུལ་གྱི་སྨན་དོན་མི་སྣར་འཚམས་འདྲི་གནང་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་མཛད་དེ་ཁུལ་ཡོངས་ཀྱི་སྨན་དོན་ལས་སྒྲུབ་པ་རྒྱ་ཆེན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་གུས་བཀུར་བླ་ན་མེད་པ་ཞུས་ཤིང་། ཚང་མས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཡོང་བར་བྱས་རྗེས་ཕན་འབྲས་ལྡན་པར་བཏོན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་རེད།།

༄༅།། སྤྱི་ཟླ8པའི་ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་རི་བརྒལ་ལུང་པར་ཆུ་ལོག་བྱུང་བའི་རྐྱེན་གྱིས་བརྡིབས་ཤོར་བའི་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་དར་མདོ་ནས་ལྕགས་ཟམ་ཁའི་བར་གྱི་རི་བརྒལ་ཕུག་ལམ་དང་པོ་དང་གཉིས་པའི་བར་གྱི་ཟམ་པ་ཤུགས་ཡོད་རྒུས་མྱུར་བཟོ་བྱས་ཏེ། དར་མདོ་ནས་ལྕགས་ཟམ་ཁའི་ཕྱོགས་ལ་ལྕགས་ཟམ་བཙུགས་ཏེ་རླངས་འཁོར་ཤར་གཏོང་ཐུབ་ཡོད།།


  • ལེ་ཚན་སྔོན་མ།:ཡུལ་འདིར་ས་ཡོམ་རིམ་པ་5.0བྱུང་འདུག
  • ལེ་ཚན་རྗེས་མ།:ཀྲའོ་ཅུན་མིང་དཀར་མཛེས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྦྱོང་སྒྲོག་ལག་ལེན་ལ་ལྟ་སྐུལ་ཁྲིད་སྟོན་དུ་ཕེབས།
  • དོ་སྣང་ཆེ་བའི་རྩོམ།