2024-08-29
ཉེ་ཆར། སེར་ཤུལ་རྫོང་གི2024ལོའི་ཀྲུང་འབྲུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་གསུམ་པ་འཚོགས་པ་རེད།
བྱ་དགའ་སྤྲོད་པའི་ཚོགས་ཆེན་དེ་ཀྲུང་འབྲུ་སྐར་འོད་བྱ་དགའ་ཨང་གསུམ་པ་ཐོབ་མཁན་སེར་ཤུལ་རྫོང་གི་གཞོན་སྐྱེས་པད་མ་སྐྱིད་དང་བསམ་གཏན་ལྷ་མོའི་གླུ་གཞས《འབྲོག་མོའི་གླུ་གཞས》ཞེས་པའི་ཁྲོད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སེར་ཤུལ་རྫོང་གི་ཀྲུང་འབྲུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་གཟེངས་བསྟོད་ལ་ཁྱོན་སྒོར་ཁྲི122ཡོད་པ་དང་། བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི2ཐོབ་ཡོད་པ་རེད། དངུལ་འདི་དག་ནི་ས་གནས་དེ་གའི་སློབ་མ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ། གཞོན་ནུ་ལས་གཏོད་མི་སྣ། ལས་རིགས་ཀྱི་སྣེ་ཁྲིད་མི་སྣ། གསར་སྐྱེས་གཞོན་ནུ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སོགས་ལ་སྤྲད་རྒྱུ་ཡིན་ཞིང་། ཁྱོན་གཞོན་ནུ་སློབ་མ253ལ་བྱ་དགའི་དངུལ་འདི་ཐོབ་ཡོད།
ཀྲུང་འབྲུ་ཚོགས་པས་ཐོག་མཐའ་བར་གསུམ་དུ་སློབ་གསོས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཐོན་པར་མཐོང་ཆེན་བྱས་པ་དང་། ཉེ་བའི་ལོ་གསུམ་གྱི་རིང་། སེར་ཤུལ་གྱི་སློབ་མ་ཕུལ་བྱུང་དང་ལས་རིགས་ཁག་གི་མི་སྣ་ཕུལ་བྱུང750ལྷག་ལ་བྱ་དགའི་དངུལ་སྒོར་ཁྲི360ལྷག་སྤྲད་ཡོད་པ་དང་། ཀྲུང་འབྲུ་སྦྱོང་འབྲས་ལེགས་ཐོན་གྱི་བྱ་དགའི་གཟེངས་བསྟོད་དངུལ་འདི་ཡང་སེར་ཤུལ་གྱི་སློབ་གསོའི་རོགས་སྐྱོར་གྱི་སྤུས་རྟགས་ལས་གྲྭ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་སློབ་མ་དཔལ་སྐྱིད་ཀྱིས་ཀྲུང་གུང་སེར་ཤུལ་རྫོང་ཨུ་དང་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་། ཀྲུང་འབྲུ་ཚོགས་པ་བཅས་ཀྱིས་ང་ལ་བྱ་དགའི་དངུལ་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ངོས་ནས་བརྗོད་ན་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་འདི་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན་པས། ངས་ད་ཐེངས་ཀྱི་བྱ་དགའ་འདི་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་བརྩོན་པ་ལྷག་ཏུ་བསྐྱེད་ནས། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10