ཞི་ཅིན་ཕིང་2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་ནས་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

    མི་དམངས་ཉིན་རེའི་ཚགས་པར།    2024-08-27

 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་རྒྱུ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དབུ་ཚོགས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མིའི་འགོ་ཁྲིད་པ་དང་། ཨ་ཧྥེ་རི་ཁ་ས་ཁུལ་གྱི་རྩ་འཛུགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འབྲེལ་ཡོད་འཐུས་མི་སོགས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་གཤམ་པ་དང་འབྲེལ་ཡོད་ཕྱོགས་གཉིས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་ཀྲུང་པར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།