དབྱར་ཁའི་རྩྭ་ཐང་།

༼ འབའ་ར་འབྱུང་ཆོས། ༽        2024-08-30

དབྱར་གྱི་ཐང་གཞུང་གཡུ་ཡི་ཚོན་གྱིས་བྲིས། །

སྤང་གི་མེ་ཏོག་ཚོན་མདངས་རི་མོ་ལེགས། །

བདག་སེམས་ཉལ་བའི་དབྱར་གཞུང་རྩྭ་ཐང་འདི། །

རྟ་ཕོ་ལམ་ནས་མུ་མེད་ཐང་དུ་བསྐྱོད། །

དབྱར་གྱི་སྤང་རི་གཉའ་ཡི་ཕྲག་པ་འདྲ། །

གཉའ་ལ་གུར་གྱི་འཇའ་ཚོན་ཕབ་པ་འདྲ། །

གུར་ཁང་མདུན་ན་ནོར་ནག་སྦྲ་ཡིས་གང་། །

སྦྲ་ནང་དུ་བ་ཕྱུར་བའི་རྣམ་པ་ངོམས། །

དབྱར་གྱི་སྤང་གཞུང་འབྲོག་པའི་ཕ་ཁྱིམ་ནང་། །

དཀར་གསུམ་མར་གྱི་འཚོ་བ་གཡང་གི་འཁོར། །

ནོར་ལུག་འཚོ་བདག་ཁ་བའི་གངས་རི་འདབས། །

གཞིས་ཁྱིམ་ལམ་ལུགས་བཟུང་བ་ཨེ་མ་ཧོ། །



  • ལེ་ཚན་སྔོན་མ།:ཟླ་བའི་རྟེན་འབྲེལ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་དབྱར་གཞུང་།