2024-12-10
ཧྲེན་དབྱང་ཁུལ་ཨུ་སྤྱི་ཚོགས་ལས་དོན་པུའུ་དང་ཁུལ་ཡིག་བསྐུར་ངོ་བཅར་ཅུས་སུ་བརྟག་ཞིབ་ཕེབས་པ་དང་འབྲེལ་ངོ་བཅར་མང་ཚོགས་ལ་སྣེ་ལེན་ཞུ་སྐབས།
དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་བ་རྒྱུན་འཁྱོངས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཅིང་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བ་འགན་ལེན་མཐའ་གཅིག་ཏུ་བྱ་དགོས་ཞེས་གསུངས།
སྤྱི་ཟླ12པའི་ཚེས3ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཁུལ་ཨུ་སྤྱི་ཚོགས་ལས་དོན་པུའུ་དང་ཁུལ་ཡིག་བསྐུར་ངོ་བཅར་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ངོ་བཅར་མང་ཚོགས་ལ་སྣེ་ལེན་ཡང་ཞུས་པ་རེད། ཁོང་གིས་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་སུ་གཏོང་བ། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་བ་རྒྱུན་འཁྱོངས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཅིང་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བ་འགན་ལེན་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
གསར་དུ་བཙུགས་པའི་ཁུལ་ཨུ་སྤྱི་ཚོགས་ལས་དོན་པུའུ་རུ་སླེབས་སྐབས་ཧྲེན་དབྱང་གིས་ལས་སྒྲུབ་ཁོར་ཡུག་ལ་ལྟ་ཞིབ་ཞིབ་ཕྲ་ངང་ཚན་ཁག་གི་ལས་དོན་དང་མི་སྣ་བཀོད་སྒྲིག། སྒྲིག་གཞི་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་། ལས་བྱེད་ལས་བཟོ་དང་སྤེལ་རེས། འབྲེལ་ཡོད་ལས་དོན་སྙན་ཞུར་གསན་འཇོག་བཅས་ཀྱི་ཐོག་ནས་སྡེ་ཚན་བཙུགས་ཚུན་ཐོབ་པའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཁུལ་ཨུ་སྤྱི་ཚོགས་ལས་དོན་པུའུ་ཡིས་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ནས་དུས་རབས་གསར་པས་དཀྲིས་པའི་ལས་འགན་གསར་པ་ཏན་ཏིག་ངང་འཁུར་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ།“གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་མཐར་ཕྱིན་བསྟར་བ། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་སྐྱོང་ལས་ཀར་དམ་འཛིན་མངོན་གསལ་དོད་པོ་བྱེད་པར་དམིགས་ནས། ཏང་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་དམ་འཛིན་ཡག་མོ་བྱས་ནས་སྤྱི་ཚོགས་ལས་དོན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་སྒྲིག་གཞི་དང་ལམ་སྲོལ་གསར་དུ་གཏོད་ཅིང་བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་རྒྱུར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་པ་རེད།
ཁུལ་མང་ཚོགས་ཡིག་བསྐུར་ངོ་བཅར་སྣེ་ལེན་ལྟེ་གནས་སུ་ཕེབས་ནས་ཧྲེན་དབྱང་གིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཡིག་བསྐུར་ཞུ་བཅར་སྒྲུབ་ལེན། མང་ཚོགས་བློར་བབ་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བར་མ་ཟད། ལས་བྱེད་ལས་བཟོར་འཚམས་འདྲི་གནང་ཞིང་། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་མང་ཚོགས་ཀྱི་ལས་དོན་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཆར་བརྟག་ཡོ་བྱད། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་བཅས་རེད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། དུས་བབ་གསར་པའི་འོག་གི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་ཞིབ་འཇུག་ཟབ་མོ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་ཐག་གཅོད་བྱེད་ཚད་མཐོ་རུ་གཏོང་བའི་ཐད་ཤུགས་རྒྱག་པ། ཡིག་བསྐུར་ངོ་བཅར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཚང་མར་ལན་ཡོད་པ་བྱ་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཧྲེན་དབྱང་གིས་ཡིག་བསྐུར་ངོ་བཅར་སྣེ་ལེན་ལྟེ་གནས་སུ་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་དང་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱེད་ཚུལ་རྒྱུས་ལོན་ཞིབ་ཕྲ་བླངས་ཤིང་། མང་ཚོགས་ཀྱི་རེ་འབོད་ངང་རྒྱུད་རིང་པོའི་ངང་ཉན་པ་དང་། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཐག་གཅོད་བསམ་ཕྱོགས་དང་ཇུས་གཞི་ཞིབ་འཇུག་བྱས། ད་དུང་འབྲེལ་འབྲེལ་ཡོད་ཕྱོགས་ལ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱ་དགོས་པའི་བཀའ་མངགས་གནང་བ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་མིག་གིས་གཤམ་འོག་ལ་ལྟ་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་རྒྱུན་འཁྱོངས་པ་དང་། མི་སར་རང་སྡོད་དང་མི་ཐོག་རང་བཞག་ནས་མང་ཚོགས་ལ་བསམ་བློ་གཏོང་བ། བརྩེ་སེམས་ཀྱིས་སྐུལ་བ་དང་གུས་ལུགས་མཚོན་པ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་འཕྲིན་ཡིག་ཚང་མ་ལན་ཡག་པོར་སྤྲད་པ། ངོ་བཅར་བྱེད་ཐེངས་ཚང་མར་སྣེ་ལེན་ཡག་པོར་ཞུ་བ། གནད་དོན་ཚང་མ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་པའི་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་དང་ཁུལ་ཨུའི་རྒྱུན་ཨུ། དྲུང་ཆེ་ཡོན་མིང་ཀོང་། ཁུལ་ཨུ་སྤྱི་ཚོགས་ལས་དོན་པུའུ་དང་ཁུལ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།།
ལོ་ཙཱ། ལྷ་འཛོམས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10