2024-12-17
རྔོག་ལེགས་པའི་ཤེས་རབ། བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་ཡིན་ལ། ཇོ་བོ་རྗེའི་སློབ་མ་སྙན་གྲགས་ཅན་དབུས་ཀྱི་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོའི་རྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུར་སྲས་ལྔ་ཡོད་པའི་ཆེ་བར་སྐུ་འཁྲུངས། འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་། སྐུ་ན་ཆུང་ངུའི་དུས་མངའ་རིས་གུ་གེ་རྒྱལ་པོས་ཁ་ཆེའི་ཡུལ་དུ་མངགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུགས་སློབ་གཉེར་མཛད་ནས་མཁས་པར་གྱུར། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོར་རོགས་མཛད་དེ་བཀའ་ཆོས་བསྒྱུར། རབ་བྱུང་དང་པོའི་ཤིང་བྱ(༡༠༤༥)ལོར་དབུས་སུ་ཕེབས་སྐབས་རྔོག་གིས་ལྷ་སར་སྤྱན་དྲངས། སྤྱན་རས་གཟིགས་ཀྱིས་མི་དཀར་པོ་ཞིག་ཏུ་བྱས་ནས་བསུ་བ་མཛད། ནག་ཚོ་དང་ལྷན་དུ་ཇོ་བོ་དང་མཇལ་ཏེ་ཇོ་བོའི་ཐུགས་སྲས་སུ་གྱུར། རྔོག་གིས་ལོ་པཎ་ལ་ཞུས་ནས་རྟོག་གེ་འབར་བ་བསྒྱུར། དེ་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ལྷན་དུ་ཇོ་བོའི་དྲུང་ནས་བཀའ་གདམས་བུ་ཆོས་ཞུས། རབ་བྱུང་དང་པོའི་ཆུ་གླང(༡༠༧༣)ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ། རྔོག་ལོ་ཡབ་སྲས(ལེགས་པའི་ཤེས་རབ་དང་བློ་ལྡན་ཤེས་རབ་གཉིས་ལ་ཞུ)ཀྱིས་ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར་པོ་བྱུང་། སློབ་མ་མཁས་པ་ཉིད་ཀྱི་དབོན་རྔོག་བློ་ལྡན་ཤེས་རབ་སོགས་བྱུང་།
ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10
 དཀར་མཛེས་ཁུལ་གྱི་ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་ག
 དཀར་མཛེས་ཁུལ་གྱི་ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་ག རྔོག་ལེགས་པའི་ཤེས་རབ།
 རྔོག་ལེགས་པའི་ཤེས་རབ། ལྕང་སྐྱ་རོལ་པའི་རྡོ་རྗེ།
 ལྕང་སྐྱ་རོལ་པའི་རྡོ་རྗེ། རྟའུ་རྫོང་དཔལ་སྨད་གསེག་རི་གླིང་ག་རུ་མཛད་སྒོ་འདི་འད
 རྟའུ་རྫོང་དཔལ་སྨད་གསེག་རི་གླིང་ག་རུ་མཛད་སྒོ་འདི་འད རང་ཁུལ་གྱིས་སྤུས་རྟགས་འཕེལ་རྒྱས་ཚོགས་ཆེན་འཚོགས།
 རང་ཁུལ་གྱིས་སྤུས་རྟགས་འཕེལ་རྒྱས་ཚོགས་ཆེན་འཚོགས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས།
 ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས། ཉག་རོང་རྫོང་སློབ་འབྲིང་གིས་རིག་རྩལ་འཁྲབ་སྟོན་གྱི་བ
 ཉག་རོང་རྫོང་སློབ་འབྲིང་གིས་རིག་རྩལ་འཁྲབ་སྟོན་གྱི་བ བསང་གི་མ་ཎི་རྡོ་བརྐོས་མཉམ་ལས་ཁང་གིས་ཁེ་བགོའི་མཛད་ས
 བསང་གི་མ་ཎི་རྡོ་བརྐོས་མཉམ་ལས་ཁང་གིས་ཁེ་བགོའི་མཛད་ས 《ས་སྐྱ་ལེགས་བཤད》ཀྱི་འགྲེལ་གསར་ཞིག་དཔེ་སྐྲུན་བྱས།
 《ས་སྐྱ་ལེགས་བཤད》ཀྱི་འགྲེལ་གསར་ཞིག་དཔེ་སྐྲུན་བྱས། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད
 《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད