2024-12-10
ཉེ་ཆར། ལི་ཐང་མཇམ་དབྱངས་བྱམས་པས་བརྩམས་པའི《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་ལུགས་གཉིས་རྣམ་པར་གསལ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
འདིར་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་མཁས་པ་བརྟག་པ་སྟེ་རབ་ཏུ་བྱེད་པ་དང་པོ་བཀོད་ནས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་ཆ་ནས་གཞུང་གི་སྤྱི་ཁོག་ཕུབ་ནས་བརྗོད་དོན་གཏིང་ཟབ་དུ་བཏང་བ་དང་། དཔེ་དང་སྒྲུང་ལ་སྦྱར་ནས་ཚིག་འབྲུ་རྒྱས་པར་སོང་བ་ལྟ་བུ་གང་ཡང་མ་ཡིན་པར། རྗོད་བྱེད་ཀྱི་ཚིག་ཉུང་ཞིང་བརྗོད་བྱའི་དོན་ཡང་གོ་བདེའི་ལམ་ནས་འབྲུ་འགྲེལ་མཐར་ཆགས་སུ་བྱས་ཡོད་པས་འགྲེལ་སྔ་མ་དག་ལས་ཅུང་ཙམ་ཟུར་དུ་ཐོན་པ་ཞིག་ཡིན་ནོ།།
ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་ཡོངས་གྲགས་སུ《ས་སྐྱ་ལེགས་བཤད》ཅེས་པ་འདི་ཉིད་ནི་དུས་རབས་བཅུ་གསུམ་པར་ས་སྐྱ་པཎ་ཆེན་གྱིས་མཛད་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤིག་ཡིན། བརྗོད་བྱ་ཁྱོན་སྡོམ་རབ་བྱེད་དགུ་རུ་ཕྱེ་སྟེ། དང་པོ་མཁས་པ་བརྟག་པ། གཉིས་པ་ཡ་རབས་བརྟག་པ། གསུམ་པ་བླུན་པོ་བརྟག་པ། བཞི་བ་སྤེལ་མ་བརྟག་པ། ལྔ་བ་ངན་སྤྱོད་བརྟག་པ། དྲུག་པ་རང་བཞིན་གྱི་ཚུལ་བརྟག་པ། བདུན་པ་མི་རིགས་པའི་ཚུལ་བརྟག་པ། བརྒྱད་པ་བྱ་བ་བརྟག་པ། དགུ་བ་ཆོས་བརྟག་པ་བཅས་དགུ་ཡོད་དོ།། རྗོད་བྱེད་ཀྱི་ཆ་ལ་དཔེ་དཔེ་ཅན་གཉིས་ཅི་རིགས་སྦྱར་ཏེ་ཚིག་བདེ་ཞིང་དོན་གསལ་བ། རྩོམ་སྟངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་དུས་རབས་ཀྱི་ཁྱད་ཆོས་མཚོན་བྱེད་ཀྱི་རྩོམ་ཡིག་གལ་ཆེན་ཞིག་ཡིན་ནོ།།
ཨོ་རྒྱན་གྱིས་བསྡུས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10