ད་ལོར་རང་ཁུལ་གྱིས་གཙོ་གནད་ལས་གཞིར་སྒོར་དུང་ཕྱུར391ལྷག་བཏང་ཡོད།

        2024-12-10

མིག་སྔར། གསར་འགོད་པས་དཀར་མཛེས་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིར་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར391.55བཏང་བ་དང་། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ116.87གྲུབ་ནས་མ་འཇོག་གི་ལས་འགན་སྔ་སྣུར་དུ་ཚད་བརྒལ་བྱུང་ཡོད།       

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་དཀར་མཛེས་ཁུལ་གྱི་མཐུད་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར371.68བཏང་བ་དང་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ129.48གྲུབ་པ་དང་། གསར་དུ་ལས་འགོ་བཙུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར19.87བཏང་བ་དང་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ41.4གྲུབ་ཡོད། ཨར་ལས་གྲུབ་པའི་ཐོན་སྐྱེད་བྱེད་འགོ་བཙུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར120.66བཏང་བ་དང་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ288.97གྲུབ་ཡོད།
     རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་ལ་མ་དངུལ་འཇོག་གྲངས་སྡེབ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར155.66བཏང་བ་དང་། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ89.18གྲུབ་ཡོད། གལ་ཆེན་ཐོན་ལས་ཀྱི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར223.85བཏང་བ་དང་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ148.7གྲུབ་ཡོད།      
    དམངས་འཚོ་དང་བྱ་གཞག་ལེགས་སུ་གཏོང་བའི་ལས་གཞིར་མ་དངུལ་འཇོག་གྲངས་སྡེབ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར8.86བཏང་བ་དང་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ111.04གྲུབ་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞིར་མ་དངུལ་སྒོར་དུང་ཕྱུར3.18བཏང་བ་དང་། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ161.38གྲུབ་ཡོད་པ་རེད།།




ལོ་ཙཱ། བདེ་སྐྱིད།

རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་ལས་ཁུངས་འདི་གཉིས་སུ་ཕེབས་ནས་རྟོག་ཞིབ་གནང་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།