རང་ཁུལ་གྱིས་སྤུས་རྟགས་འཕེལ་རྒྱས་ཚོགས་ཆེན་འཚོགས།

        2024-12-17


ཧྲེང་དབྱང་གིས་དཀར་མཛེས་ཁུལ་གྱི་སྤུས་རྟགས་འཕེལ་རྒྱས་ཚོགས་ཆེན་དུ། སྤུས་རྟགས་ཀྱི་འདུ་ཤེས་བཅངས་པ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་ཤིང་། སྤུས་རྟགས་སྐྱོང་ཤུགས་ཆེ་རུ་བཏང་ནས། དཀར་མཛེས་ཁུལ་གྱི་གཟུགས་སྣང་དེ་བས་ལེགས་པའི་སྒོ་ནས་བསྟན་པ་དང་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་ཞེས་གསུངས།

    སྤྱི་ཟླ12པའི་ཚེས6ཉིན་ལ། དཀར་མཛེས་ཁུལ་གྱི་སྤུས་རྟགས་འཕེལ་རྒྱས་ཚོགས་ཆེན་དར་མདོ་རུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་སྤུས་རྟགས་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་ཚུན་སྤུས་རྟགས་ཀྱིས་སྣེ་ཁྲིད་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་སྡོམ་ཡག་པོ་དང་། སྲ་བརྟན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་དམིགས་ཏེ་སྤུས་རྟགས་ཀྱི་འདུ་ཤེས་བཅང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་ཤིང་། སྤུས་རྟགས་སྐྱོང་ཤུགས་ཆེ་རུ་བཏང་ནས། དཀར་མཛེས་ཁུལ་གྱི་གཟུགས་སྣང་དེ་བས་ལེགས་པའི་སྒོ་ནས་བསྟན་པ་དང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཧྲུའུ་ཅི་ཀྲང་ཐུང་རུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས་ཡོད།

    ཚོགས་འདུར་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་ཚུན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱ་རྒྱུ་དེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྒུལ་ཤུགས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས། དཀར་མཛེས་ཁུལ་གྱི་གཟུགས་སྣང་སྔར་བས་མཛེས་སྡུག་ལྡན་པ་དང་ས་ཁོངས་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། སྤུས་རྟགས་ཀྱི་འདུ་ཤེས་མི་སེམས་གཏིང་ལ་འཇགས་པ། སྤྱི་ཚོགས་ཀྱི་ཁོར་ཡུག་སྔར་བས་བཟང་བ། སྐུལ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་པ། བཅོས་སྐྱོང་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་པ། སྤྱི་ཚོགས་ཞབས་ཞུ་སྔར་བས་ལེགས་པ་བཅས་བྱུང་ནས་ཁུལ་ཡོངས་ཀྱི་སྤུས་རྟགས་སྐྱོང་བའི་ཕན་འབྲས་མངོན་གསལ་དོད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་མ་ཟད། ཞིབ་ཕྲའི་ལག་ལེན་ཁྲོད་གྲུབ་འབྲས་ཐོབ་པའི་བྱ་ཐབས་མི་ཉུང་བ་ཞིག་འཚོལ་ཞིབ་དང་གསོག་འཇོག་བྱས་ཡོད་ཅེས་བསྟན་པ་རེད།  ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག། རྒྱ་ཆེ་བའི་ཁེ་ལས་བཅས་ཀྱིས་ཉེ་བའི་ལོ་ཤས་རིང་སྤུས་རྟགས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་སྤྱི་ཚོགས་བྱ་གཞག་ཡར་ཐོན་ལ་སྐུལ་བའི་ནུས་པར་ངོས་འཛིན་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་དཀར་མཛེས་ཁུལ་གྱི་སྤུས་རྟགས་ཀྱིས་སྣེ་ཁྲིད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུར་དེང་སྐབས་དཀར་མཛེས་ཁུལ་གྱི་སྤུས་རྟགས་ཀྱིས་སྣེ་ཁྲིད་པ་དེ་ད་དུང་འགོ་འཛུགས་པའི་དུས་མཚམས་སུ་གནས་ཡོད་པས་སྤུས་རྟགས་སྐྱོང་བར་ཤུགས་ཧུར་ཐག་རྒྱག་པ་དང་སྤུས་རྟགས་ཀྱིས་སྣེ་ཁྲིད་པའི་སྒུལ་ནུས་གལ་ཆེན་སྐྱེད་སྲིང་དང་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ་སྤུས་རྟགས་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས་པ་ནན་གསུང་གནང་།།




ལྷ་འཛོམས་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཉག་རོང་རྫོང་སློབ་འབྲིང་གིས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་དཔལ་སྨད་གསེག་རི་གླིང་ག་རུ་མཛད་སྒོ་འདི་འདྲ་ཞིག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10