རང་ཁུལ་གྱིས་མི་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་འཚོགས།

        2024-12-23

ཁུལ་ཨུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་ཚོགས་འདུ་འཚོགས་ཏེ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་མུ་མཐུད་དེ་བསྐུལ།

 

སྤྱི་ཟླ12ཚེས16ཉིན་ལ། ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་རྒྱས་འཛོམས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་གཙོ་ཕྱོགས་སུ་བྱས་ཏེ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་མུ་མཐུད་དེ་བསྐུལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲིན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་སློབ་སྦྱོང་གི་མྱོང་ཚོར་གླེང་བ་རེད།

གྲོང་ཁྱེར་དང་ཁུལ་ཏང་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་ཟུར་ཞུགས་ཟུར་ཉན་ལས་དོན་ཚོ་ཆུང་གི་ཚོ་དཔོན་དང་། ཞིང་ཆེན་ཏང་ཨུ་གཞུང་ལས་ཐིང་གི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ཚའེ་ཁུན་ཚོགས་འདུར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་ སློབ་སྦྱོང་དུ་ཞུགས།

ཚོགས་འདུའི་སྔོན་ལ། ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ནས་རང་སྦྱོང་བྱས་ཤིང་། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ཡིག་ཆ་བྲིས་པ་རེད། ཚོགས་འདུར་ཧྥུང་ཧྥ་ཀུའེ་དང་། ཧྲུའུ་ཏ་ཁྲུན། ཡུའེ་ཞང་ཧྥེ། མཱ་ཁྲང་ཞིན། ཁྲེན་པའོ་ཐའོ་སོགས་ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མིས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་དང་། ལྟེ་གནས་ཚོ་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ གཏམ་བཤད་བྱས་པ་རེད།

ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་གདོང་གཏད་ཅིང་། རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་གྱི་་རྒྱང་སྐྱོད་ལམ་གསར་ལ་དམིགས་ཏེ། རྒྱལ་ཁབ་ཕྱི་ནང་གི་མི་རིགས་ལས་དོན་གྱི་ཉམས་མྱོང་དང་གོ་བསྐོན་བསླབ་བྱ་ཕྱོགས་བསྡོམས་གང་ལེགས་བྱས་ཤིང་། ཀྲུང་ཧྭའི་ཤེས་དཔལ་གྱི་ཆོས་ཉིད་རབ་དང་རིམ་པ་ཁོང་དུ་ཆུད་པ་དང་ དགོས་ངེས་བཅུ་གཉིསཀྱིས་གསར་གཏོད་ངང་གསར་རྩོམ་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་བསམ་བློ་གསར་པ་དང་འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་འགྲོ་ལམ་ཡང་དག་པ་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པར་སྒྲུབ་པར་མདུན་དུ་སྐྱོད་པའི་ཁ་ཕྱོགས་དང་རྩ་བའི་བསྲུང་བྱ་བཏོན་པ་རེད། དཀར་མཛེས་ཁུལ་མི་རིགས་ས་ཁུལ་དང་བོད་འབྲེལ་ས་ཁུལ་ཡིན་པའི་ཆ་ནས། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བདེ་འཇགས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པས། རིམ་ཁག་དང་སྡེ་ཁག་གིས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་གཞུང་ལུགས་ཀྱི་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ། དེའི་ནང་དུ་འདུས་པའིགཅིག་མཐུན་ལྔཡི་ལོ་རྒྱུས་ལྟ་བའི་མིག་རྒྱང་ཁོང་དུ་ཡག་པོར་ཆུད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དེའི་ནང་དུ་འདུས་པའི་འབྲེལ་བ་ཆ་བཞིའིབྱེད་ཐབས་སྨྲ་བའི་བླང་བྱ་ལག་ལེན་བསྟར་བ། དེའི་ནང་དུ་འདུས་པའིམཉམ་གནས་བཞིའིགཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་ནན་ཏིག་བསྟར་ཏེ། མི་རིགས་ཁག་རིག་གནས་ཐད་ཕན་ཚུན་དཔྱད་གཞི་འཛིན་རེས་དང་བརྩེ་དུང་ཐད་ཕན་ཚུན་ཉེ་བར་མཐུན་པ།  དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས་ཡོང་བར་སྐུལ་སྤེལ་དང་། མི་རིགས་ཁག་གི་མོས་མཐུན་བྱེད་ཚད་སྔར་བས་མཐོ་ཞིང་གོང་བུར་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་བསྐྱོད་པར་བསྐུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་བའི་ཆེད་དུ་མཐུན་སྒྲིལ་འབད་འཐབ་ལྷོད་མེད་བྱ་དགོས།

ཚོགས་འདུར་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་གནད་ཡིན་པས་ངེས་པར་དུ་ཁུལ་ཡོངས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ཏེ་དཀར་མཛེས་ཁུལ་གྱི་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་རྒྱུན་ཆད་མེད་པར་བསྐུལ་ དགོས། མི་རིགས་མཐུན་སྒྲིལ་ལག་ལེན་བྱ་སྤྱོད་མཐར་ཕྱིན་སྤེལ་རྒྱུར་དམིགས་ནས་ལས་དོན་གྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྱིམ་བསླབ་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱ་རྒྱུ་དེ་འཇུག་སྒོར་བྱས་ཏེ། གཙོ་དོན་གསལ་ཞིང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བྱེད་སྒོ་རྒྱུན་དུ་སྤེལ་བ་དང་། བསམ་བློར་ཁྲིད་སྟོན་དང་དད་སེམས་ལམ་ཁྲིད། རིག་གནས་རྒྱུད་འཇགས་ལ་མུ་མཐུད་སྐུལ་བ་དང་། སྔར་ལྷག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་བསྒྱུར་བཅོས་ཟབ་ཏུ་སྤེལ་བར་དམིགས་ནས་དུས་ཐོག་ཏུ་ལག་ལེན་བྱ་སྤྱོད་ལས་ཐོབ་པའི་ཉམས་མྱོང་རང་བཞིན་གྱི་གྲུབ་འབྲས་ཕྱོགས་བསྡོམས་དང་གདམ་གསེས་བྱས་ཐོག་ཁྱབ་གདལ་དུ་བཏང་སྟེ། དམངས་ཡོངས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་སྲུང་བའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱ་དགོས། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་སྐུལ་བར་དམིགས་ནས་བསམ་བློའི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོས་སྣེ་ཁྲིད་པ་རྒྱུན་འཁྱོངས་ཤིང་། རེས་སྐོར་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་དུ་འཛུགས་པ་དང་། ཡིད་ཆེས་བརྟན་པོས་ཏང་གི་རྗེས་སུ་འབྲངས་ཤིང་གསར་བརྗེའི་གཞི་རྒྱུའི་རྩ་བ་སྐྱོང་བ་ཞེས་པའི་འདུ་འགོད་ལག་ལེན་བསྟར་དགོས། རྒྱང་སྐྱོད་དང་འབྲི་ཆུ། རྨ་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་དུམ་མཚམས་ཚད་གཞི་མཐོན་པོས་བསྐྲུན་ཏེ། སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དབྱངས་རྟ་གཙོ་བོ་བླང་དགོས། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་པོར་ཡོང་བར་དམིགས་ནས་དཔལ་འབྱོར་རྨང་གཞི་རྒྱུན་མཐུད་ངང་བརྟན་པོར་གདིང་དགོས། ཀྲེ་ཅང་གི་ཁྲི་སྟོང་འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་མཐར་ཕྱིན་བྱས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་། ཁྱད་ཆོས་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ་བཅས་ཀྱི་ལས་དོན་ཆེན་པོ་གསུམ་ཡག་པོར་བསྒྲུབ་ཅིང་། ཁྱད་ཡོན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཞིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་ཡུལ་སྡེ་དར་རྒྱས་གཏོང་བ་སྦྲེལ་མཐུད་ཕན་འབྲས་ཡོད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། འཚོ་སྐྱོང་དམའ་སྐྱོར་རང་བཞིན་གྱི་དམངས་འཚོའི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་རྣམ་ངང་འཕར་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་ཁྱོན་ལྡན་པའི་དབུལ་པོར་བསྐྱར་ལོག་གི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་རྒྱ་ཁྱབ་ངང་སྤེལ་བར་དམིགས་ནས་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོར་གདིང་དགོས། གྲོང་ཡུལ་འཛུགས་སྐྲུན་གྱི་བཀོད་བབ་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། སེ་འབྲུའི་གཞི་རིམ་ཞབས་ཞུའི་ལས་སྟེགས་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞི་ཁག་ཅིག་བསྐྲུན་ཅིང་། ཁ་གཏད་རོགས་སྐྱོར་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ། དུས་བབ་འཕེལ་ཕྱོགས་དང་བསྟུན་ནས་ས་ཁོངས་བརྒལ་བའི་ཕྱོགས་གཉིས་འདྲེས་སྡོད་ལ་བསྐུལ་ཏེ། མི་རིགས་ཁག་ཕྱོགས་ཡོངས་ནས་འདྲེས་ཞུགས་ཀྱི་ལག་ལེན་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏང་དགོས།

ཚོགས་འདུར་བླང་བྱ་བཏོན་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་རིན་ཐང་དོན་གཉེར་ཆེ་རུ་གཏང་དགོས།  གསལ་པོར་བཤད་པ་ལ་དམིགས་ནས་སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། ལོ་རྒྱུས་ཀྱི་དོན་དངོས་ཡག་པོར་བཤད་པ་དང་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཡག་པོར་བཤད་པ། ལག་ལེན་གྱི་གྲུབ་འབྲས་ཡག་པོར་བཤད་པ་རྒྱུན་འཁྱོངས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གྲུབ་འབྲས་རླབས་པོ་ཆེའི་ཁྲོད་འགྲོ་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་དགོས། བདེན་པར་བཤད་པར་དམིགས་ནས་གཡུལ་ས་འཛུགས་ཤུགས་ཆེ་རུ་གཏང་དགོས། ཁུལ་དང་རྫོང་རིམ་པའི་གཙོ་རྒྱུན་འཕྲིན་སྦྱོར་ལིང་བསྟར་བེད་སྤྱོད་གང་ལེགས་བྱས་ཏེ། མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་སློབ་ཁྲིད་ཇུས་འགོད་ཇེ་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་གཟའ་འཁོར་དང་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོའི་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཡག་པོར་བཤད་དགོས། གསོན་ཉམས་དོད་པོས་བཤད་པར་དམིགས་ནས་ཁྱབ་སྒྲོག་བྱེད་སྟངས་ཁྱོན་ཡོངས་ནས་གསར་དུ་གཏོད་དགོས། ནུས་སྟོབས་བསྒྲིལ་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ལག་རྩལ་ཡག་པོར་སྤྱོད་པ། རིག་རྩལ་གསར་རྩོམ་སྤུས་དག་བཟོ་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏམ་རྒྱུད་ཀྱི་སྤྲོ་སྣང་རང་བཞིན་དང་གསོན་ཉམས་རང་བཞིན་ཆེ་རུ་གཏོང་ཞིང་། དུས་རབས་ཀྱི་རང་བཞིན་དང་མི་དམངས་ཀྱི་རང་བཞིན་ལྡན་པའི་བརྩམས་ཆོས་སྤུས་དག་མང་པོ་བརྩམས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་བརྗིད་ཉམས་ལྡན་པ་གཅིག་ཏུ་བསྒྲིལ་དགོས།

ཚོགས་འདུར་ནན་པོར་བསྟན་དོན། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྐུལ་དགོས། ཏང་གི་འགོ་ཁྲིད་དེ་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་མཐའ་གཅིག་ཏུ་ཁྱབ་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་དེ་ཏང་ལེགས་སྐྱོང་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་སུ་བཙུད་དེ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གནས་བབ་མགྱོགས་མྱུར་ཆགས་པར་བྱ་དགོས། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་ལ་སྐུལ་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཅངས་པ་དང་། མཐུན་སྒྲིལ་དང་འཐབ་རྩོད་ཀྱི་འབྲེལ་བ་ཐག་གཅོད་ཧུར་ཐག་བྱས་ཏེ་རྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐིལ་ཚད་དམ་དུ་བསྲུང་དགོས། གཞི་རིམ་དམ་དུ་འཛིན་པའི་ཁྲིད་ཕྱོགས་རྒྱུན་ཆད་མེད་པར་མངོན་གསལ་དོད་པོར་གཏང་དགོས། ཏང་ལེགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ཞན་ཆ་གསབ་པ་དང་། གཞི་རིམ་ཏང་མིའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་ཞིང་།  མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་དགོས། བརྟན་ཐོག་གཟབ་ནན་གྱིས་སྐུལ་འདེད་གཏོང་བའི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཐམས་ཅད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་སྩོལ་བ་དང་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་དོན་སྙིང་སྩོལ་བ། དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུ་གཅིག་སྒྲིལ་གྱི་དོན་སྙིང་སྩོལ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་པ་སྟེ་སྩོལ་བ་གསུམ་དང་ཕན་པ་གཅིག་རྒྱུན་འཁྱོངས་ཤིང་། ལས་ཀ་བྱེད་ཚོད་སྟངས་འཛིན་ཡག་པོ་བྱེད་ཅིང་། ངང་རྒྱུད་ཐུང་ཞིང་འཚུབ་པ་དང་བྱ་བ་གང་བྱུང་སྒྲུབ་པ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ དང་ཁྱིམ་ཚང་ཚང་མ་རྒྱལ་ཡོངས་དང་དུས་མཉམ་དུ་ཕྱུག་འབྱོར་ཡོང་བར་བྱ་དགོས།

ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས་ཡོད།།


རྩོམ་སྒྲིག་པས་བསྒྱུར་ཏེ་ཞུས།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:མཐའ་མཚམས་བཅོས་སྐྱོང་ལས་དོན་འདི་འདྲ་བསྒྲུབ་དགོས།
  • དོ་སྣང་ཆེ་བའི་རྩོམ།