2025-01-20
ཁུལ་ཨུའི2025ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་ལོ་སར་རིང་གི་འཚམས་འདྲི་བྱེད་སྒོའི་བཀོད་སྒྲིག་ལྟར། ཉེ་ཆར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི་དང་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གཡག་མདོ་མྱུར་ལམ་གྱི་དར་མདོ་འབུད་སྒོའི་ཞབས་ཞུ་ས་ཚུགས་དང་དར་མདོའི་གནམ་ཐང་ཚོགས་པར་སོང་ནས་ཡུན་རིང་པོར་ལས་རིགས་གལ་ཆེན་དང་ལས་གནས་གནད་འགག་སུ་འབད་འབུངས་བྱེད་མཁན་གྱི་ལས་བྱེད་པ་དང་ལས་བཟོ་བར་དུས་ཆེན་ལ་འཚམས་འདྲི་དང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས་ནས་ཚང་མའི་ལས་དོན་དང་འཚོ་བ། བསམ་བློའི་གནས་ཚུལ་བཅས་ལ་སེམས་ཁུར་གནང་བ་དང་། དཔྱིད་གསར་དུས་ཆེན་གྱི་ལས་རེས་དང་བདེ་འཇགས། འཁོར་སྐྱོད་འགན་ལེན་དང་ཞབས་ཞུ་ལེགས་གཏོང་སོགས་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ལོ་གསར་པར་མུ་མཐུད་དེ་འབད་བརྩོན་བྱས་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བར་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུའི་སྐུལ་ལྕག་གནང་།
གཡག་མདོ་མྱུར་ལམ་གྱི་དར་མདོ་འབུད་སྒོའི་ཞབས་ཞུ་ས་ཚུགས་སུ་ཧྲུའུ་ཏ་ཁྲུན་གྱིས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་ཚང་མས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་གཡག་མདོ་མྱུར་ལམ་སྤྱི་གཉེར་ཁང་གིས་ཆབ་སྲིད་སྐྱོང་བ་དང་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་ལས་སྒོའི་ལས་དོན་ནུས་མཐོའི་སྒོ་ནས་སྤེལ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་གྱིས་འཁུར་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད། ལྷག་པར་དུ་ཉེན་ཁ་ཆེ་བའི་གནོད་འཚེའི་མདུན་དུ་ལས་དོན་པ་ཡོངས་ཀྱིས་འཚབ་འཚུབ་མེད་པར་འཐབ་ཕྱོགས་དང་པོར་བསྐྱོད་ནས་འཐབ་འཛིང་བྱས་པ་དེས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་ལས་སྒོའི་ནུས་པ་ཆེན་པོ་མཚོན་ཡོད། ལོ་གསར་བའི་ནང་དུ་བདེ་འཇགས་འགན་འཁྲི་མུ་མཐུད་དེ་དོན་འཁྱོལ་ནན་པོ་བྱེད་པ་དང་མཉམ་འབྲེལ་དང་ཞབས་ཞུའི་མཉམ་འགུལ་ལ་ཤུགས་རྒྱག་པ། བློ་རིག་འཛུགས་སྐྱོང་ལེགས་སུ་གཏང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཉེན་མེད་དང་སྟབས་བདེ་ངང་འགྲོ་སྐྱོད་ཐུབ་པར་འགན་སྲུང་སྔར་ལས་ལེགས་པར་བྱས་ནས“རིག་གནས་ཡུལ་སྐོར་ཁུལ”འཛུགས་པར་འགྲིམ་འགྲུལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་གསུངས།
ཧྲུའུ་ཏ་ཁྲུན་གྱིས་དར་མདོ་གནམ་ཐང་ཚོགས་པའི་ལས་རེས་ལས་བཟོ་བ་དང་ངོ་ཐུག་ནས་གླེང་མོལ་བྱས་ཏེ་ཚོགས་པས་རང་ཁུལ་གྱི་མཁའ་ཐོག་གི་ལངས་གཟུགས་འགྲིམ་འགྲུལ་ལྟེ་གནས་དྲྭ་རྒྱ་བསྐྲུན་ནས་ཁུལ་ཡོངས་ཀྱི་འཚུབ་བསྟུན་རོགས་སྐྱོབ་དང་ཉེན་སྐྱོབ་གནོད་སྐྱོབ་ནུས་པ་ཆེ་རུ་བཏང་བ་དང་། རྒྱལ་སྲུང་སྲ་བརྟན་དང་སྤྱི་ཚོགས་སྲུང་སྐྱོང་། འཆམ་མཐུན་བརྟན་ལྷིང་ཡོང་བར་དཀའ་སྤྱད་འབད་བརྩོན་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་བསྔགས་བརྗོད་བྱས། ཚང་མས་ལོ་གསར་པའི་ནང་ངར་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་མཁའ་འགྲུལ་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་སྤུས་ཚད་མཐོན་པོར་ཡོང་བར་མཁའ་འགྲུལ་གྱིས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པར་སྐུལ་ལྕག་གནང་།
ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གིས་ཁུལ་རྡོ་ཐ་ཆེད་ཚོང་ཅུས་དང་དར་མདོ་ས་ཡོམ་ས་ཚུགས། ཀྲུང་གོ་ལྕགས་སྒྲོམ་དཀར་མཛེས་ཡན་ལག་སྤྱི་གཉེར་ཁང་། ཀྲུང་གོ་གློག་འཕྲིན་དཀར་མཛེས་ཡན་ལག་སྤྱི་གཉེར་ཁང་། སི་ཁྲོན་ཏ་ཐང་རྒྱལ་སྤྱིའི་ཆུ་གློག་གསར་སྤེལ་སྤྱི་གཉེར་ཁང་བཅས་ལ་འཚམས་འདྲི་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10