དཔྱིད་གསར་དུས་ཆེན་རིང་མྱུར་ལམ་དུ་ལམ་གླ་མི་དགོས།

ཐུབ་བསྟན།        2025-01-24

གསར་འགོད་པས་ཟླ་བ་དང་པོའི་ཚེས22ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་ལམ་དུ་བསྐྱོད་པར་ལམ་གླ་སྤྲད་མི་དགོས་ལ། དུས་ཡུན་ནི་ཟླ་བ་དང་པོའི་ཚེས28ནས་ཟླ2པའི་ཚེས4སྟེ་བསྡོམས་པའི་ཉིན8ཡིན་པ་རེད།     འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མྱུར་ལམ་དུ་གླ་མི་དགོས་པར་སྐྱོད་པ་དེ་རླངས་འཁོར་གྲོན་དངུལ་བསྡུ་བའི་ས་ཚུགས་ནས་ཐོན་པའི་དུས་ཚོད་གཞིར་འཛིན་དགོས་པའི་དྲན་སྐུལ་བྱས་ཡོད། གུང་གསེང་མཇུག་རྫོགས་རན་དུས། གལ་ཏེ་རླངས་འཁོར་གཏང་རྒྱུའི་དུས་ཚོད་དེ་འགྲོ་གྲོན་རིན་མེད་ཀྱི་དུས་ཡུན་མཚམས་འཇོག་རན་ནའང་ད་དུང་འགྲོ་དགོས་ས་སླེབས་མེད་ན་ཉེ་འགྲམ་གྱི་གྲོན་དངུལ་བསྡུ་བའི་ས་ཚུགས་བརྒྱུད་སྔོན་ལ་མྱུར་བགྲོད་གཞུང་ལམ་ནས་ཐོན་ཆོག། དེ་ལྟར་བྱས་ན་གོང་གི་འགྲོ་སྐྱོད་ལ་འགྲོ་གྲོན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ། དེ་རྗེས་ཉེ་འགྲམ་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་སླེབས་དགོས་སའི་ཡུལ་དུ་བསྐྱོད་ན་འགྲུལ་ལམ་ལྷག་མའི་འགྲོ་གྲོན་ཉུང་ཤས་ཤིག་ལས་སྤྲོད་དགོས་ཀྱི་མེད་པ་རེད། 

    འགན་འཁུར་བས་ད་དུང་ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་དོན་དངོས་ཀྱི་གནས་ཡུལ་དང་དུས་ཚོད་ལ་གཞིགས་ནས་སྔར་ཙམ་ནས་ལམ་ལ་ཆས་པའི་འཆར་འགོད་ལེགས་པོ་བྱས་ཏེ་བྲེལ་འཚུབ་དང་། མྱུར་ཚད་ལས་བརྒལ་ནས་བདེ་འཇགས་དོན་རྐྱེན་འབྱུང་བར་གཟབ་དགོས་ལ། རིན་པ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་གང་ཐུབ་བྱ་དགོས་པ་བསྟན།


ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།

  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་དཔྱིད་གསར་ལ་ཉེ་དུས་འཚམས་འདྲི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།