2025-01-20
ཉེ་ཆར། དཔྱིད་གསར་དུས་ཆེན་དང་བོད་ལོ་སར་འཆར་ཉེའི་སྐབས་དང་བསྟུན་ནས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་སྣེ་ཁྲིད་དེ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
ཧྥུང་ཧྥ་ཀུའེ་དང་བཅས་པ་སྔ་ཕྱིར་ཁུལ་སྲིད་ཇུས་ཞིབ་འཇུག་ཁང་དང་ཁུལ་ཁོངས་བཅོས་སྐྱོང་འཁོར་སྐྱོད་ལྟེ་གནས། ཁུལ་ཁྲལ་དོན་ཅུས། ཁུལ་མི་དམངས་སྨན་ཁང་གཉིས་པ། ཁུལ་གནམ་གཤིས་ཅུས། དར་མདོ་གྲོང་ཁྱེར་གཉའ་ལུང་འགོ་ཁྲོམ་གཞུང་ནགས་རྩྭ་མེ་སྐྱོན་ཉེན་ཁ་མི་མངོན་པ་སེལ་བའི་ཡུལ་དངོས། ཁུལ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག། རྒྱལ་ཁབ་གློག་དྲྭ་དཀར་མཛེས་ཡན་ལག་གློག་འདོན་སྤྱི་གཉེར་ཁང་། ཀྲུང་གོ་རྡོ་སྣུམ་དར་མདོ་གངས་ཆུ་སྣུམ་སྣོན་ས་ཚུགས། དར་མདོ་གྲོང་ཁྱེར་བཙོག་ཆུ་གཙང་སེལ་བཟོ་གྲྭ་བཅས་སུ་ཕྱིན་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
ཁོང་གིས་ཁུལ་སྲིད་གཞུང་ཞིབ་འཇུག་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་སྲིད་ཇུས་ཁོང་དུ་ཆུད་པར་བྱས་ཏེ་ཆེད་དོན་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་བབ་ལ་དབྱེ་ཞིབ་གནད་སྨིན། མི་འདང་ས་བཙལ་ཏེ་གྲོས་འགོ་ཕན་འབྲས་ཡོད་པ་འདོན་པའི་བླང་བྱ་བཏོན། ཁུལ་ཁོངས་བཅོས་སྐྱོང་འཁོར་སྐྱོད་ལྟེ་གནས་ཀྱིས་ཁུལ་མགོ་ཁྲིད་དང་ཆེད་འཛིན་ཟུང་དུ་སྦྲེལ་བའི་ལས་རེས་ལམ་ལུགས་ལག་ལེན་ནན་པོར་བསྟར་བ་དང་། དུས་བདེའི་དཀར་མཛེས་མ་ལག་འདུས་གྲུབ་ལས་སྟེགས་ཡག་པོ་སྤྱད་དེ་དུས་ཐོག་གནད་དོན་ཤེས་པ་དང་འབྲེལ་ལྟ་སྐུལ་དོན་ལ་འཁྱོལ་ཏེ་ལམ་སྲོལ་འཁོར་སྐྱོད་ལས་ཆོད་ཆེ་བ་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན། ཁུལ་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུ་དོ་དམ་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲལ་ཁུངས་གསོ་བ། ཁྲལ་བསྡུ་གནད་ལ་སྨིན་བ་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཇུས་གཅོད་ལ་དཔྱད་གཞི་འདོན་དགོས་པའི་བླང་བྱ་བཏོན། ཁུལ་མི་དམངས་སྨན་ཁང་གིས་མི་དམངས་ཀྱི་ཚེ་སྲོག་སྐྱོབ་པའི་འགན་ཆེན་འཁུར་བ་དང་། སྨན་བཅོས་ནུས་པ་སྔར་བའ་ཇེ་ཆེར་གཏོང་ཞིང་། སྔོན་ཐོན་སྨན་བཅོས་སྒྲིག་ཆས་ཉོ་ཤུགས་ཆེ་རུ་གཏོང་བ། ཧྭ་ཞི་སྨན་ཁང་དང་མཉམ་ལས་དམ་ཟབ་བྱེད་པ། ཁུལ་ཁོངས་ལྟེ་གནས་ཟུར་པའི་སྨན་ཁང་དང་རྫོང་ཁོངས་སྨན་ཁང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ཀྱིས་ཡིད་ཆེས་དང་ནད་པས་བློ་འགེལ་ཆོག་པའི་མི་དམངས་ཡི་རང་བའི་སྨན་ཁང་འཛུགས་ཤུགས་ཆེ་རུ་གཏང་དགོས་པའི་ཐུགས་རེ་གནང་། ཁུལ་གནམ་གཤིས་ཅུས་ཀྱིས་མུ་མཐུད་དེ་སྲོལ་བཟང་དར་སྤེལ་དང་། གནམ་གཤིས་ཚན་ཞིབ་གསར་གཏོད་ཇེ་མགྱོགས་སུ་གཏོང་བ། ལྟ་ལེན་ཞིབ་ཚགས་དང་སྔོན་བརྡ་གནད་སྨིན། ཞབས་ཞུ་ཞིབ་ཕྲ་བྱེད་ཐུབ་པ། གནམ་གཤིས་ཞབས་ཞུའི་འགན་སྲུང་ནུས་པ་ཇེ་ཆེར་གཏང་ཞིང་གནམ་གཤིས་ཀྱི་གནོད་འགོག་གནོད་སྐྱུང་གི་འགོག་ར་དང་པོའི་ནུས་པ་ཡག་པོ་འདོན་དགོས་པའི་སྐུལ་མ་གནང་། དར་མདོ་གྲོང་ཁྱེར་གཉའ་ལུང་འགོ་ཁྲོམ་གཞུང་ནགས་རྩྭ་མེ་སྐྱོན་ཉེན་ཁ་མི་མངོན་པ་སེལ་བའི་ཡུལ་དངོས་སུ་རུ་མི་ཚོས་འཐབ་སེམས་དང་སྤྲོ་སེམས་ཆེན་པོས་དུས་རྒྱུན་གྱི་སྦྱོང་བརྡར་དང་ལས་རིས་ལས་སྒུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་གསོད་ཆུ་ཚད་མཐོ་རུ་བཏང་ནས་ཆེད་ལས་དཔུང་སྡེའི་གནོད་འགོག་གནོད་སྐྱུང་གནོད་སྐྱོབ་ཀྱི་ནུས་པ་གལ་ཆེན་གང་ལེགས་འདོན་དགོས་པའི་སྐུལ་མ་གནང་། ཁུལ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ཏུ་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཁོངས་གཏོགས་ཀྱིས་མུ་མཐུད་དེ་འགྲིམ་འགྲུལ་བདེ་སྲུང་གི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོར་བྱེད་ཅིང་། མི་དམངས་ཀྱི་ཚེ་སྲོག་ཉེན་མེད་དང་སྲུང་སྐྱོབ་དང་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཉེན་ཁ་མེད་ཅིང་གོ་སྒྲིག་ཡོད་པ་དང་། ཐོགས་པ་མེད་པ། འཆམ་ཞིང་མཐུན་པ་ཞིག་ཧུར་ཐག་བསྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད། རྒྱལ་ཁབ་གློག་དྲྭ་དཀར་མཛེས་ཡན་ལག་གློག་འདོན་སྤྱི་གཉེར་ཁང་དུ་བློ་བརྟན་འགྱུར་མེད་ངང་གློག་འདོན་འགན་སྲུང་དང་གློག་དྲྭ་ཁྱབ་ཚུལ་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་བའི་འགན་ཆེན་ཡག་པོ་འཁུར་དགོས་པའི་ཐུགས་རེ་གནང་། ཀྲུང་གོ་རྡོ་སྣུམ་དར་མདོ་གངས་ཆུ་སྣུམ་སྣོན་ས་ཚུགས་སུ་ཉེན་མེད་ཐོན་སྐྱེད་དོ་དམ་ལམ་ལུགས་ཁག་དོན་ལ་ནན་པོར་འཁྱོལ་བ་དང་ཉེན་ཁ་མི་མངོན་པ་ཚགས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཆེན་གྱི་རིམ་གྱི་སྣུམ་མཁོ་སྲུང་བྱེད་ཤུགས་ཆེ་རུ་གཏོང་ཞིང་ཕྱོགས་ཡོངས་ནས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏང་དགོས་པའི་ཐུགས་རེ་གནང་། དར་མདོ་གྲོང་ཁྱེར་བཙོག་ཆུ་གཙང་སེལ་བཟོ་གྲྭ་རུ་རང་འགན་གཙང་སྒྲུབ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ། བཙོག་ཆུ་གཙང་སེལ་སྒྲིག་ཆས་ཉེན་ཁ་མེད་པར་འཁོར་སྐྱོད་ཐུབ་པ་དང་འབུད་གཏོང་ཚད་ལ་ལོན་པ་ཁག་ཐེག་བྱ་དགོས་པའི་ཐུགས་རེ་གནང་བ་རེད།
ཁུལ་མགོ་ཁྲིད་ཡན་ལེ་དང་ཧོ་ཞའོ་ཕིང་། ཀྲུང་ཁོ་དང་འབྲེལ་ཡོད་འགན་ཁུར་མི་སྣ་འཚམས་འདྲིར་ཞུགས་ཡོད།།
ལོ་ཙཱ། སྐལ་ཐུབ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10