2025-03-21
སྲིད་ཇུས་སྣ་མང་བཏོན་ནས་དཀར་མཛེས་ཁུལ་གྱི་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཕྱོགས་ཡོངས་ནས་བསྐུལ་དགོས།
སྲིད་ཇུས་སྣ་མང་བཏོན་པར་ཐོག་མར་ནོར་སྲིད་ཀྱིས་འགན་སྲུང་བྱ་དགོས།རང་ཁུལ་གྱི་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོངར་བར་སྐུལ་བའི་ཕྱོགས་དང་པོ་ཡིན་པའི་ངོས་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐད་དཀར་མཛེས་ཁུལ་གྱི་ལྷག་བསམ་དང་ཆོད་སེམས་གང་ལེགས་མངོན་ཡོད། 2024ལོ་ནས2027ལོ་བར་ཁུལ་ནོར་སྲིད་ནས་ལོ་ལྟར་འཚོ་སྐྱོང་དམའ་སྐྱོར་རང་བཞིན་གྱི་ནོར་ཤུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ནས་ཁྱད་ཡོན་ཐོན་ཁུངས་གསར་སྤེལ་ལ་རོགས་རམ་བྱས་ནས་ཡོང་འབབ་བརྟན་པོའི་ཐོན་ལས་ལ་གཏང་རྒྱུ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཇེ་ཡག་་ཏུ་གཏང་རྒྱུར་ལྟ་རྟོག་བྱ་རྒྱུ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་བགོ་བཤའ་རྒྱག་སྐབས། འཚོ་སྐྱོང་དམའ་སྐྱོར་རང་བཞིན་གྱི་དམིགས་ཚད་གཙོ་བོ་ངེས་པར་བདམ་ནས་བསྡུར་ཚད་བརྒྱ་ཆ20ལས་མི་དམའ་བར་བྱ་དགོས། ཁྲེང་ཏུའུ་ཡི་ཁ་གཏད་རོགས་སྐྱོར་གྱི་སྤྱི་འདོམས་མ་དངུལ་ཡང་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་ལ་ལྟ་སྐྱོང་བྱེད་པ་དང་། ཁེ་ལས་ཆུང་གྲས་གཞི་ཁྱོན་ཅན་གྱི་ཁེ་ལས་སུ་ཐེངས་དང་པོར་སྤར་བར་མ་ཟད། ད་དུང་ཁུལ་རིམ་པའི་ནོར་སྲིད་ཀྱིས་ཐེངས་གཅིག་ནས་སྤྲད་པའི་བྱ་དགའ་སྒོར་ཁྲི20རག་ཐུབ་པ་རེད།
དེ་བཞིན་དངུལ་རྩའི་རྒྱབ་སྐྱོར་ནི་འཕེལ་རྒྱས་ལ་སྐུལ་བའི་ལག་ཆ་གལ་ཆེན་དང་ལས་ཚན་འཛུགས་སྐྲུན་ནི་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་འཕེལ་རྒྱས་ལ་སྐུལ་བའི་འགག་རྩར་བརྩིས་ཤིང་།ཐོན་ལས་རོགས་སྐྱོར་ཐད་ཞིང་འབྲོག་དང་རིག་གནས་ཡུལ་སྐོར་ཐོན་ལས་ལ་གནད་སྨིན་བྱ་རྒྱུ་རེད།
དམངས་འཚོ་འགན་སྲུང་རྒྱུན་མཐུད་ལེགས་སུ་བཏང་ནས་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ཀྱི་སྦུག་ལམ་བསྒྱུར་བཀོད་དང་འཁོར་ལྷས་འཛུགས་སྐྲུན་སོགས་རྫོང་མཁར་ཞིབ་བཟོ་ལས་གྲྭ་ལ་བསྐུལ་ཏེ། སྔོན་དུ་རྫོང9ཡིས་གནས་འཕྲོད་ལས་འཚམ་མཐུན་མཛེས་ཡུལ་སྡེ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ།ལོ་རེར་ཆེད་དམིགས་གདན་ཞུའི་ཚོགས་འདུ་ཐེངས2འཚོག་རྒྱུ། སློབ་གསོའི་ཐད་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ཀྱི་དགེ་རྒན་གདན་ཞུ་དང་གསོ་སྦྱོང་སྔོན་ལ་བྱ་རྒྱུ། ཡུལ་གཞན་དུ་སློབ་གཉེར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཆ་བསགས་ལམ་ལུགས་ལག་ལེན་བསྟར་བ་དང་དགེ་རྒན་ལོ30བྱེད་མཁན་ལ་ཁ་གསབ་སྤྲད་རྒྱུ། སྨན་བཅོས་ཐད་རྫོང་སྨན་ཁང་གི་ལྟེ་གནས་ཆེན་པོ་ལྔ་དང་ཆེད་ཚན་གཙོ་བོ་འཛུགས་པར་རྒྱབ་སྐྱོར། ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཟུར་པ་བསྐྲུན་པ་དང་བྱ་གཞག་ཐེབས་རྩ་འཛུགས་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་དང་བརྩོན་སྐུལ་སྲིད་ཇུས་ལག་ལེན་བསྟར་རྒྱུ། དེ་དང་ཆབས་ཅིག་ལོ་རེར་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་སུ་ཧ་ཅང་དཀོན་པའི་ཆེད་ལས་ཤེས་ལྡན་མི་སྣ་སྟོང་ཙམ་ལས་སྐལ་ཚབ་སྒྲུབ་གསོ་སྐྱོང་བྱེད་ཚད་ཁུལ་ཡོངས་ཀྱི་བརྒྱ་ཆ75ལས་མི་དམའ་བ་བྱ་དགོས།།
ལྷ་འཛོམས་ཀྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10