ལོ་དུང་ཕྱུར4.8ཡར་གོང་གི་མཚོ་བལ་འགྱུར་རྡོ་ཁྱད་མཚར་ཞིག་རྙེད།

        2025-04-10

གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཞིབ་འཇུག་ཁང་དེར་ཞུགས་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཡོན་ཨན་རྫོང་ནས་ལོ་དུང་ཕྱུར4.8ཡར་གོང་གི་མཚོ་བལ་འགྱུར་རྡོ་ཁྱད་མཚར་ཞིག་རྙེད་པ་རེད། གསར་རྙེད་དེས་བྲག་རྡོ་བང་རིམ་མཚོ་བལ་གྱི་འཕེལ་འགྱུར་ལོ་རྒྱུས་ལོ་ཁྲི2000ཙམ་གྱི་སྔོན་ལ་ཡར་དེད་ཡོད་པ་རེད། འབྲེལ་ཡོད་གྲུབ་འབྲས་དེ་ཟླ4ཚེས1ཉིན་ཨ་རིའི《རྒྱལ་ཁབ་ཚན་རིག་ཁང་གི་རིག་གཞུང་དུས་དེབ》གཟའ་འཁོར་དུས་དེབ་ཐོག་སྤེལ་ཡོད། 

 ཡོང་ཁུངས། མི་དམངས་དྲ་བ། 

 རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ནས་བཀའ་མོལ་གནང་བ།
  • ལེ་ཚན་རྗེས་མ།:བལ་ཡུལ་གྱི་འགྲེམ་སྟོན་ཁང་ཞིག་བྲག་མགོ་རྫོང་དུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།