2025-03-25
གཏམ་བཟང་། གཉེན་སྒྲིག་སྐོར་ལ་བསྒྱུར་བཅོས་འདི་འདྲ་བཏང་འདུགཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་མོ་བྱ་ཆེད། དམངས་སྲིད་པུའུ་ཡིས་གཉེན་སྒྲིག་ཐོ་འགོད་ཀྱི་རྒྱལ་ཡོངས་ཀུན་འཐུས་ལག་བསྟར་དང་། གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཁག་གཙིགས་སུ་བཟུང་ནས་དམ་འཛིན་བྱ་རྒྱུ་རེད།གཉེན་སྒྲིག་ཐོ་འགོད་རྒྱལ་ཡོངས་ཀུན་འཐུས་ལག་བསྟར་བྱེད་པ།༢༠༢༡ལོའི་ཟླ་དྲུག་པ་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཉེར་གཅིག་གིས་སྔ་རྗེས་སུ་གཉེན་སྒྲིག་ཐོ་འགོད་ཞིང་ཆེན་ལས་བརྒལ་ནས་སྒྲུབ་ཐུབ་པའི་ཚོད་ལྟ་རེས་སྐོར་གཉིས་སྤེལ་བ་རེད། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་རེ་འདུན་སྐོང་ཆེད། ཚོད་ལྟའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གཉེན་སྒྲིག་ཐོ་འགོད་རྒྱལ་ཡོངས་ཀུན་འཐུས་ཏེ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འགྲོ་ལུགས་སྒྲུབ་ཆོག་པ་ལག་བསྟར་བྱ་རྒྱུ་དང་། སྐབས་དེར་དོ་བདག་གིས་གཉེན་སྒྲིག་ཐོ་འགོད་བྱེད་པར་རྒྱུན་སྡོད་ཐེམ་ཐོ་གནས་ཡུལ་གྱི་ཚོད་འཛིན་མི་ཐེབས། དམངས་སྲིད་པུའུ་ཡིས་ས་གནས་ཁག་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུའི་མཛུབ་ཁྲིད་བྱས་ཏེ། བདག་སྤྲོད་ཆ་རྐྱེན་དང་། འགྲོ་ལུགས། ལག་ཁྱེར་དང་དཔྱད་གཞིའི་བླང་བྱ་བཅས་ཁ་གསལ་བཟོ་རྒྱུ་ཡིན་པ་རེད། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་དོ་བདག་གིས་འདོན་སྤྲོད་བྱས་པའི་ལག་ཁྱེར་དང་རྒྱུ་ཆ་དོན་དངོས་དང་ཆ་ཚང་ཡོད་མེད། ཁྲིམས་བཀོད་ཀྱི་བླང་བྱ་དང་མཐུན་མིན་ལ་ཞིབ་དཔྱད་ནན་ཏན་བྱས་ཏེ། ཁྲིམས་ལྟར་ཐོ་འགོད་ལས་སྒོ་ནན་ཏན་གྱིས་སྒྲུབ་དགོས། ས་གནས་ཁག་གིས་ལམ་ལུགས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། གཉེན་སྒྲིག་ཐོ་འགོད་ཀྱི་འབྲེལ་ཡོད་ལས་ཀའི་ཚད་གཞི་འཐུས་ཚང་དུ་གཏོང་བ། གཉེན་སྒྲིག་ཐོ་འགོད་སྒེའུ་ཁུང་གི་ཞབས་ཞུའི་ཚད་གཞི་དང་། ལས་ཀའི་སྒྲིག་སྲོལ། ཡ་རབས་སྤྱོད་བཟང་། ཞབས་ཞུའི་སྐད་ཆ་འཛེམ་བྱ་བཅས་ཁ་གསལ་བཟོ་དགོས། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གཉེན་སྒྲིག་ཐོ་འགོད་ཀྱི་སྔོན་བཀོད་ཞབས་ཞུ་ཧུར་ཐག་མཁོ་འདོན་བྱེད་པ། གཉེན་སྒྲིག་ཐོ་འགོད་ཆ་འཕྲིན་གཞི་གྲངས་དྲ་སྦྲེལ་ཞིབ་བསྡུར་གཏིང་ཟབ་སྤེལ་དགོས།གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུ་ལེགས་སུ་གཏོང་དགོས།ས་གནས་ཁག་གི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་གཉེན་སྒྲིག་ཁྱིམ་ཚང་ཟུར་ཁྲིད་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་བརྒྱུད་དོ་བདག་ལ་སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དང་། ཆེད་ལས། ནུས་ལྡན། དྲོ་སྐྱིད་ལྡན་པའི་གཉེན་སྒྲིག་དང་ཁྱིམ་ཚང་ཟུར་ཁྲིད་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ས་གནས་ཁག་གིས་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཉེན་སྒྲིག་མ་བྱས་གོང་གི་སློབ་གསོ་དང་གཉེན་སྒྲིག་ཁྱིམ་ཚང་འབྲེལ་བའི་ཟུར་ཁྲིད་སོགས་ཞབས་ཞུར་དམིགས་ནས། ཟུར་ཁྲིད་ཀྱི་ནང་དོན་དང་། ཟུར་ཁྲིད་ཀྱི་ཐབས་ཇུས། ཟུར་ཁྲིད་ཀྱི་གཙོ་གནད་བཅས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁ་གསལ་བཟོས་ནས། དོ་བདག་ལ་བརྩེ་དུང་སྐོར་ནས་བསམ་འཆར་སྤེལ་རེས་དང་། སེམས་ཁམས་མཛུབ་ཁྲིད། རྩོད་གཞི་འདུམ་འགྲིག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས། ས་གནས་ཁག་ལ་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་རྒྱུན་མཐུད་རྒྱུན་འཛིན་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུའི་གོ་སྐབས་བཟང་པོ་བེད་སྤྱོད་ཡག་པོ་ཏན་ཏིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཧུར་ཐག་བྱ་དགོས། གཉེན་སྒྲིག་གོམས་སྲོལ་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། རིམ་པ་ཁག་དམངས་སྲིད་སྡེ་ཚན་གྱིས་དཔལ་ཡོན་དང་སྐྱོན་བྲལ་གྱི་གཉེན་སྒྲིག་གོམས་སྲོལ་དར་སྤེལ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གཉེན་སྒྲིག་ལག་ཁྱེར་སྤྲོད་པའི་མཛད་སྒོ་དང་ཐུན་མོང་གཉེན་སྒྲིག་སོགས་ཁྱད་ཆོས་ལྡན་པའི་ཞབས་ཞུ་ཧུར་ཐག་མཁོ་འདོན་བྱེད་པ་དང་། གཞོན་ནུ་དེ་བས་མང་པས་གཉེན་སྒྲིག་ལུགས་སྲོལ་གསར་པ་དང་སྟབས་བདེ་བྱེད་པར་སྐུལ་ཁྲིད་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་གཉེན་སྒྲིག་གི་གོམས་སྲོལ་ངན་པ་བཅོས་སྐྱོང་ཏན་ཏིག་བྱས་ཏེ། ཏང་ཡོན་ལས་བྱེད་པས་དཔེ་བཟང་སྣེ་ཁྲིད་བྱེད་པ་དང་། གཉེན་སྒྲིག་དང་འདས་མཆོད་ལས་འཛིན་ལྷན་ཚོགས་སོགས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཉེན་སྒྲིག་གི་གོམས་སྲོལ་བསྒྱུར་བཅོས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱས་ཏེ། གཉེན་སྒྲིག་གི་གོམས་སྲོལ་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ངན་བཀག་འགོག་ནུས་ལྡན་བྱེད་དགོས།གཉེན་སྒྲིག་དོ་དམ་ཡིད་རྟོན་མ་ལག་འཐུས་ཚང་འཛུགས་སྐྱོང་བྱེད་དགོས།དམངས་སྲིད་པུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་དང་མཉམ་དུ་གཉེན་སྒྲིག་ཐོ་འགོད་ཡིད་རྟོན་མ་ལག་བཙུགས་ནས། གཉེན་སྒྲིག་ཐོ་འགོད་དོ་བདག་གིས་མི་སྒེར་གྱིས་མཁོ་འདོན་བྱས་པའི་དཔང་ཡིག་རྒྱུ་ཆའི་བདེན་པའི་རང་བཞིན་དང་ནུས་ལྡན་རང་བཞིན་ལ་འགན་འཁུར་དགོས་པ་དང་། དཔང་ཡིག་རྒྱུ་ཆ་རྫུན་མ་མཁོ་འདོན་བྱ་མི་ཆོག ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་སྒྲིག་པ། ཡེ་ཤེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10