རྩོམ་བསྡུའི་གསལ་བརྡ།

        2025-03-21

རྩོམ་བསྡུའི་གསལ་བརྡ།


   ད་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ཞིང་། ལོ་ངོ75ཡི་རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོས་པའི་འོག་ཏུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོང་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་གནམ་ས་བླ་འོག་ཏུ་བསྒྱུར་འདྲ་བྱུང་ཡོད། བསྐལ་བཟང་འདི་ལ་རྟེན་འབྲེལ་ཞུ་བའི་ཆེད། ངེད་ཚགས་པར་ཁང་གིས་ང་དང་དཀར་མཛེས་ཁུལ་གོམ་སྟབས་གཅིག་ཏུ་མཐུན་ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཀོད་དེ་སྤྱི་ཚོགས་ཡོངས་ཁག་གི་མི་སྣ་ལ་ཕྱོགས་ནས་རྩོམ་ཡིག་བསྡུས་ཏེ། ལམ་རིམ་འོད་སྟོང་འཕྲོ་བར་མཉམ་དུ་ཕྱིར་དྲན་དང་མ་འོངས་མཛེས་སྡུག་ལྡན་པར་རྒྱང་ལྟ་བྱ་རྒྱུ་ཡིན།

གཅིག། རྩོམ་བསྡུའི་གཙོ་དོན།   ང་དང་དཀར་མཛེས་ཁུལ་གོམ་སྟབས་གཅིག་ཏུ་མཐུན་ཞེས་པ་གཙོ་དོན་དུ་བྱེད་ཅིང་། ཁུལ་བཙུགས་ནས་ལོ75སོང་བར་དམིགས་ནས་རང་ཉིད་ཀྱི་མཐོང་ཟུར་ནས་ཁྱེད་དང་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་གླེང་བ་དང་། རང་སྐྱོང་ཁུལ་གྱི་འཕེལ་འགྱུར་མངོན་ཞིང་དཀར་མཛེས་ཁུལ་ལ་བཅངས་པའི་དགའ་ཞེན་མཚོན་པའོ།།

གཉིས། རྩོམ་བསྡུའི་ནང་དོན།

  1.རྨང་གཞི་སྒྲིག་ཆས་ཇེ་ཡག་ཏུ་སོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ། ཁྱད་ཆོས་ཐོན་ལས་གོང་འཕེལ་ཡོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་སོང་བ་སོགས་གནས་ཚུལ་ཡིག་རིས་ཀྱི་ལམ་ནས་འཕེལ་རྒྱས་ལམ་རིམ་ལ་བདེན་དཔང་ར་སྤྲོད་བྱེད་ཆོག།    2.དཀར་མཛེས་ཁུལ་དུ་ལས་ཀ་དང་འཚོ་བ་བྱེད་པའི་མྱོང་ཚོར། དཀར་མཛེས་ཁུལ་མང་ཚོགས་བར་གྱི་བརྩེ་བ་ཟབ་མོ། གནས་མཆོག་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཡོང་བའི་མྱོང་རོལ་སོགས་ལ་རྗེས་དྲན་ཞུ་ཆོག།    3.དཀར་མཛེས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་རེ་བ་དང་གྲོས་འགོ་གླེང་ཞིང་བློ་འབུལ་ཇུས་འབུལ་བྱེད་ཆོག།

གསུམ། རྩོམ་བསྡུའི་བླང་བྱ།   1.རྩོམ་ལུས་གང་ཡིན་ན་ཆོག་ཅིང་། སྙན་ངག་ཚིགས་བཅད་དང་ཚིག་ལྷུག། རང་མོས་སྙན་རྩོམ། འབེལ་གཏམ། པར་རིས་གཏམ་རྒྱུད་སོགས། ནང་དོན་བདེན་པ་ཡིན་ཞིང་བརྩེ་དུང་གིས་ཕྱུག་པ་དང་ཚིག་སྦྱོར་གོ་བདེ་ལ་འབྲེལ་ཆགས་པ་ཡིན་དགོས།    2.ཡིག་འབྲུ5000ཡན་ལས་མི་བརྒལ་བ་དང་། པར་རིས་ཡིན་ན་གསལ་བཤད་མདོར་བསྡུས་དགོས།    3.ངེས་པར་དུ་གདོད་རྩོམ་ཡིན་དགོས་ལ་ཚགས་པར་དང་འཕྲིན་སྟེགས་གཞན་དུ་བཀོད་མྱོང་མེད་པ།

བཞི། རྩོམ་སྐུར་སྟངས།   1.གློག་རྡུལ་ཡིག་སྒམ། 892204328    2.སྦྲག་ཡིག་ཏུ་ང་དང་དཀར་མཛེས་ཁུལ་གོམ་སྟབས་གཅིག་ཏུ་མཐུན་ཞེས་པའི་རྩོམ་ཡིག་ཅེས་བྲིས་པ་དང་ཆབས་ཅིག། རྩོམ་འོག་ཏུ་ཐོབ་དཔང་ཐོག་གི་མིང་དང་ཁ་པར་ཨང་གྲངས། དངུལ་བྱང་ཨང་གྲངས། དངུལ་བྱང་གཉེར་ཁང་བཅས་ནོར་འཁྲུལ་མེད་པར་བསྐུར་རོགས།

ལྔ། རྩོམ་བསྡུའི་དུས་ཚོད།   2025ལོའི་ཟླ3པའི་ཚེས18ནས2025ལོའི་ཟླ་བ12པའི་ཚེས30ཉིན་བར།

དྲུག། བརྩམས་ཆོས་འགོད་པ།    བརྩམས་ཆོས་བཟང་པོ་ཁམས་པའི་ཚགས་པར་གྱི་པར་ངོས་གསུམ་པ་དང་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་འཕྲིན་སྦྱོར་གསར་པའི་འཕྲིན་སྟེགས་ཁག་ནས་དགོད་རྒྱུ་ཡིན།

ཞེས་ཁམས་པའི་ཚགས་པར་ཁང་གིས། 

སྤྱི་ལོ2025ལོའི3པའི་ཚེས18ཉིན་ལ་སྤེལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:2025ལོར་རང་ཁུལ་གྱིས་ཁྲོམ་རའི་ལྟ་དམ་ལས་དོན་འདི་འདྲ་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་ཁ་བའི་ཁྲོད་དུ་འགྲོ་ལམ་བདེ་འཇགས་ལ་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།