བལ་ཡུལ་གྱི་འགྲེམ་སྟོན་ཁང་ཞིག་བྲག་མགོ་རྫོང་དུ་བཙུགས།

        2025-04-10

དུས་སྐབས་འདི་ནི་ཀྲུང་གོ་དང་བལ་ཡུལ་དབར་ལ་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་དུས་ཚོད་གལ་ཆེན་ཞིག་ཡིན། ཉེ་ཆར་བལ་ཡུལ་རྒྱལ་ཁབ་བཤམ་སྟོན་ཁང་གི་བྲག་མགོ་ཡན་ལག་བཤམ་སྟོན་ཁང་སྒོ་ཕྱེ་བ་དང་། “སི་ཁྲོན་དང་བལ་ཡུལ་གྱི་ཁྱད་ཆོས་ཚོང་རྫས”བཤམ་སྟོན་འགྲེམ་ཚོང་འགོ་ཚུགས་པའི་མཛད་སྒོ་བྲག་མགོ་རྫོང་དུ་སྤེལ་ཡོད་པ་རེད།    ཤེས་རྟོགས་བྱུང་བར་གཞིགས་ན། བལ་ཡུལ་རྒྱལ་ཁབ་བཤམ་སྟོན་ཁང་བྲག་མགོ་ཡན་ལག་བཤམ་སྟོན་ཁང་ནི་རིག་གནས་ཡུལ་སྐོར་འགྲེམ་སྟོན་དང་། ཁྱད་ཆོས་ཚོང་རྫས་འགྲེམ་ཚོང་། དཔལ་འབྱོར་ཉོ་ཚོང་གྲོས་མོལ་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྟེགས་བུ་ཞིག་ཡིན། བཤམ་སྟོན་ཁང་དུ་བལ་ཡུལ་གྱི་ཐང་ག་དང་། ལག་བཟོའི་ཤིང་བརྐོས། ལུག་བལ་གྱི་ཐོན་རྫས་སོགས་ཁྱད་ལྡན་ཚོང་རྫས་འགྲེམ་སྟོན་དང་། དེ་བཞིན་བྲག་མགོ་ས་གནས་རང་གི་ཁྱད་ཆོས་ཚོང་རྫས་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་སོགས་འགྲེམ་སྟོན་བྱས་པས། ཀྲུང་གོ་དང་བལ་ཡུལ་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཚོང་དོན་ཕན་ཚུན་སྤེལ་རེས་བྱེད་པའི་ཕྱོགས་གཉིས་ཀྱི་མཉམ་འདྲེས་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་ཡོད་པ་རེད།    བྱེད་སྒོ་ཡུལ་དངོས་སུ་གཟུགས་མེད་རིག་གནས་ཤུལ་བཞག་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། ཞིང་ལས་དམིགས་བསལ་ཐོན་རྫས་དང་རིག་གནས་གསར་གཏོད་དྲན་རྟེན་དངོས་རྫས་བཅས་འགྲེམ་ཁུལ་ཆེན་མོ་བཞི་དང་འགྲེམ་གནས45བཙུགས་ཡོད། ས་གནས་གཉིས་ཀྱི་ཁྱད་ཆོས་ཚོང་རྫས་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་ནས་རིག་གནས་དང་དཔལ་འབྱོར། ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།    སི་ཁྲོན་དང་བལ་ཡུལ་གྱི་རིག་གནས་ཡུལ་སྐོར་དཔལ་དཔལ་འབྱོར་ཉོ་ཚོང་སྤེལ་རེས་ཟླ་བ(བྲག་མགོ་ས་ཚུགས)དུས་ཡུན་ཉིན་ལྔ་ཡི་རིང་ལ་གཉེར་རྒྱུ་ཡིན་ལ། བྱེད་སྒོར་བལ་ཡུལ་རྒྱལ་ཁབ་བཤམ་སྟོན་ཁང་གི་བྲག་མགོ་ཡན་ལག་བཤམ་སྟོན་ཁང་སྒོ་འབྱེད་མཛད་སྒོ་དང་། “སི་ཁྲོན་དང་བལ་ཡུལ་ཁྱད་ཆོས་ཚོང་རྫས”འགྲེམ་སྟོན་འགྲེམ་ཚོང་འགོ་ཚུགས་མཛད་སྒོ། སི་ཁྲོན(དཀར་མཛེས)དང་བལ་ཡུལ་གཞོན་ནུའི“གསར་གཏོད་གཉིས”ཀྱི་ཉམས་མྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་བཞུགས་མོལ་ཚོགས་འདུ། དེ་བཞིན་བལ་ཡུལ་གྱི་ཉམས་འགྱུར་གླུ་གཞས་དང་བྲག་མགོ་ས་གནས་རང་གི་རིག་རྩལ་ལེ་ཚན་སོགས་ཚུད་ཡོད་པ་རེད། དུས་ཆེན་དང་འགྲེམ་སྟོན། རིག་གནས་སྤེལ་རེས་དང་དཔལ་འབྱོར་ཉོ་ཚོང་བཅས་ཀྱི་ཐོན་ལས་མཉམ་ལས་མཉམ་འདྲེས་དང་འགྲེམ་སྟོན་གྱིས་ཕྱིར་ཚོང་སྣེ་ཁྲིད་དང་སྐད་གྲགས་ཆོད་པར་བྱས་ནས། སི་ཁྲོན(དཀར་མཛེས)དང་བལ་ཡུལ་དབར་གྱི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།     ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ལོ་དུང་ཕྱུར4.8ཡར་གོང་གི་མཚོ་བལ་འགྱུར་རྡོ་ཁྱད་མཚར་ཞིག་རྙེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།