ཁང་པའི་གནད་དོན་འདི་རིགས་ལ་དམིགས་ནས་བཅོས་སྐྱོང་བྱ་རྒྱུ་རེད།

        2025-04-24

སྒྲ་འགོག་དང་། དྲི་འཐུལ། ཆུ་འཛག་སོགས་ལ་དམིགས་ནས་རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལས་གྲྭ་གཙོ་གནད་དུ་བཅོས་སྐྱོང་བྱ་རྒྱུ་ཡིན་ཞིང་།    ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལས་གྲྭའི་སྒྲ་འགོག་དང་། དྲི་འཐུལ། ཆུ་འཛག་སོགས་ཀྱི་སྤུས་ཚད་ཀྱི་སྐྱོན་ལ་མིགས་ནས་གཙོ་གནད་དུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།     བརྡ་ཐོའི་ནང《སྡོད་ཁང་རྣམ་གྲངས་ཀྱི་ཚད་གཞི》ཟླ5ཚེས1ཉིན་ལག་བསྟར་བྱས་པའི་ཉིན་ནས་བཟུང་། གསར་དུ་སྐྲུན་པའི་སྡོད་ཁང་ལས་གྲྭ་དེ་ཚད་གཞི་གསར་པ་གཞིར་བཟུང་ལག་བསྟར་ནན་པོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ས་གནས་ཁག་གིས་སྡོད་ཁང་གི་སྒྲ་འགོག་དང་། དྲི་འཐུལ། ཆུ་འགོག་སོགས་ཀྱི་ཚད་གཞི་དང་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་ལག་རྩལ་བྱེད་ཐབས་ཀྱི་བླང་བྱ་ཞིབ་ཕྲའང་བཟོ་དགོས་པ་བཏོན་ཡོད།     བརྡ་ཐོའི་ནང་། ཚད་གཞི་ཚད་ལྡན་གྱི་བླང་བྱ་དོན་འཁྱོལ་ནན་པོར་བྱེད་དགོས་པ་དང་། གསར་དུ་བསྐྲུན་པའི་སྡོད་ཁང་རྣམ་གྲངས་ལ་ཚད་གཞི་གསར་པ་ལག་བསྟར་བྱེད་དགོས། ས་གནས་ཁག་གིས་འཛུགས་སྐྲུན་ནང་ཞུགས་པའི་ཚན་པར་ལས་གྲྭའི་འཛུགས་སྐྲུན་གྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་ལག་བསྟར་ནན་པོར་བྱ་རྒྱུའི་སྐུལ་འདེད་གཏོང་དགོས་པ་དང་། ཇུས་འགོད་ཚན་པས་“ཇུས་འགོད་ལེགས་སུ་གཏོང་བ་”སོགས་ཀྱི་མིང་ཐོག་ནས་ཇུས་འགོད་ཚད་གཞི་རྣམ་པ་བསྒྱུར་ནས་དམའ་རུ་གཏོང་རིགས་མི་ཆོག་པ་དང་། ཨར་ལས་ཚན་པས་ཨར་ལས་ལག་རྩལ་གྱི་ཚད་གཞི་དང་འགལ་ནས་ཨར་ལས་བྱེད་རིགས་གཏན་འགོག་བྱེད་དགོས་པ་འཁོད་ཡོད།     བརྡ་ཐོའི་ནང་། ཨར་ལས་རི་མོའི་ཇུས་འགོད་ཡིག་ཆར་ཞིབ་བཤེར་ནན་པོར་བྱས་ཏེ། སྒྲ་འགོག་དང་། དྲི་འཐུལ། ཆུ་འགོག་བཅས་ཞིབ་བཤེར་གྱི་གཙོ་གནད་དུ་བརྩི་དགོས་པའི་བླང་བྱ་བཏོན་ཡོད། ལས་ཡུལ་དུ་ཡོང་ནས་རྒྱུ་ཆར་ཞིབ་བཤེར་བྱ་རྒྱུ་དམ་འཛིན་ནན་པོར་བྱས་ཏེ། སྤུས་ཚད་ཞན་པའི“ལས་གྲྭའི་རིགས་”དང་ཆུ་འབུད་ས་ངོས་སུ་འཛག་པ་སོགས་ཨར་ལས་འཛུགས་སྐྲུན་ལས་ཡུལ་དུ་སིམ་འཛུལ་གྱི་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ས་གནས་ཁག་གིས་ཨར་ལས་རྒྱུ་ཆར་སྔོན་ལ་ཞིབ་བཤེར་བྱས་རྗེས་སྤྱོད་པའི་ལམ་ལུགས་དོན་འཁྱོལ་ནན་པོར་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཨར་ལས་བྱ་ཡུལ་དུ་དཔེ་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔེ་མཚོན་གྱི་སྐབས་བསྟུན་རང་བཞིན་དང་མཚོན་བྱེད་རང་བཞིན་འགན་ལེན་བྱེད་པ་དང་། དཔེ་མཚོན་རྫུན་མ་ལེན་རིགས་དང་སྐྱེལ་རིགས་གཏན་འགོག་བྱེད་དགོས་པ་འཁོད་ཡོད།     བརྡ་ཐོའི་ནང་། དངོས་ཚན་གྱི་ནུས་པར་ཞིབ་དཔྱད་ཚད་ལེན་བྱས་ནས་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྡོད་ཁང་གི་སྤུས་ཚད་འགན་ལེན་ཡི་གེའི་ནང་འཇུག་དགོས་ཞེས་ནན་བཤད་བྱས་པ་རེད། ས་གནས་ཁག་གིས་སྡོད་ཁང་ལས་གྲྭ་ལེགས་གྲུབ་ཞིབ་བཤེར་རྩིས་ལེན་མ་བྱས་གོང་འཛུགས་སྐྲུན་སྡེ་ཚན་གྱིས་སྒྲ་འགོག་དང་། དྲི་འཐུལ། ཆུ་འགོག་སོགས་དངོས་གཞིའི་གཤིས་ནུས་ཞིབ་དཔྱད་ཚད་ལེན་སྒྲིག་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་ཁྲིམས་འགལ་དང་ཡིད་རྟོན་མེད་པའི་ཁེ་ལས་ལ་ཁྲིམས་ལྟར་ཆད་པ་ནན་པོར་གཅོད་པ་དང་ཆད་པ་ཚབས་ཆེན་གཏོང་དགོས། ས་གནས་ཁག་གིས་གསར་དུ་བསྐྲུན་པའི་སྡོད་ཁང་གི་ལས་གྲྭའི་ཇུས་འགོད་དང་། རྒྱུ་ཆ། ཨར་སྐྲུན། ཞིབ་བཤེར་རྩིས་ལེན་སོགས་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ན་དུས་ཐོག་ཏུ་བརྡ་ཁྱབ་གཏང་དགོས། ཡོང་ཁུངས། མི་དམངས་དྲ་བ།  རྩོམ་སྒྲིག་པ། ཡེ་ཤེས།

  • ལེ་ཚན་སྔོན་མ།:​འབའ་ཐང་དང་བྲག་ཡིབ་གཉིས་ཀྱིས་རིག་རྩལ་མཉམ་འབྲེལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།