2025-06-09
ཉེ་ཆར། ཕྱག་ཕྲེང་རྫོང་གིས2025ལོའི་འཚུབ་བསྟུན་མྱུར་སྐྱོབ་གསོ་སྦྱོང་བྱེད་སྒོ་སྤེལ། རྫོང་ཡོངས་ཀྱི་སྨན་དོན་མི་སྣ33གསོ་སྦྱོང་དུ་ཞུགས།
ཐེངས་འདིའི་གསོ་སྦྱོང་ནང་ཀྲེ་ཅང་དང་། ལུའུ་ཀྲོའུ། གཡག་རྔ་སོགས་ཀྱི་སྨན་བཅོས་རོགས་སྐྱོར་དང་། ཕྱག་ཕྲེང་རྫོང་གི་ཆེད་ལས་པ་མང་པོ་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱས་པ་རེད། ཆེད་ལས་པ་ཚོས་མཐོ་སྒང་གི་འཚུབ་བསྟུན་དང་། ཕྲུ་གུ་དམར་འབྱར་གྱི་སྔ་དུས་བདེ་སྲུང་། བུད་མེད་ཚན་ཁག་གི་ནད་རིགས་བཅས་ལ་དམིགས་ནས་སློབ་ཁྲིད་བྱས། དོན་དངོས་ཀྱི་དཔེ་མཚོན་མང་པོར་དབྱེ་ཞིབ་བྱས་པར་བརྒྱུད། སློབ་མ་ཚོར་འཚུབ་བསྟུན་མྱུར་སྐྱོབ་ཀྱི་རིགས་པའི་གཞུང་ལུགས་ཤེས་བྱ་སྔར་ལས་གཏིང་ཟབ་པ་གོ་བ་ལེན་དུ་བཅུག་པ་རེད།
རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་གྲོལ་རྗེས་འཚུབ་བསྟུན་རོགས་སྐྱོབ་དངོས་སྦྱོང་གསོ་སྦྱོང་དེ་རྫོང་སྨན་ཁང་གི་འཚུབ་བསྟུན་མྱུར་སྐྱོབ་ལྟེ་གནས་སུ་བྱས་ཤིང་། ཆེད་ལས་པས་ཡུལ་དངོས་སུ་སྙིང་གློ་བ་སླར་གསོ་བྱེད་སྟངས་དང་། བྲང་ཁ་ན་བའི་འཚུབ་བསྟུན་སྦྱོང་བརྡར། རྨས་སྐྱོན་ཕོག་པའི་ནད་པ་དབོར་འདྲེན་སོགས་འཚུབ་བསྟུན་བཀོལ་སྤྱོད་ཐབས་རྩལ་གསལ་སྟོན་བྱས་པ་རེད། ཆེད་ལས་པས་གཙོ་གནད་ལ་དོ་སྣང་བྱ་དགོས་པའི་དོན་དག་འགྲེལ་བཤད་ཞིབ་ཕྲ་བྱས་ནས་སློབ་མ་ཚོར་ཡང་དག་པའི་བཀོལ་སྤྱོད་བྱེད་ཐབས་སློབ་པ་རེད།
རྗེས་མར་ཕྱག་ཕྲེང་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ད་དུང་མུ་མཐུད་དེ་ཆེད་ལས་གསོ་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྨན་དོན་མི་སྣའི་ཆུ་ཚད་མཐོ་རུ་གཏང་རྒྱུ་དང་། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱ་རྒྱུར་རྨང་གཞི་བརྟན་པོ་གདིང་རྒྱུ་རེད།
ལོ་ཙཱ། ཡེ་ཤེས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10