རང་ཁུལ་གྱི་སྡེ་ཚན་མང་པོས་མཐོ་རྒྱུགས་ལ་འགན་སྲུང་འདི་འདྲ་བྱས།

        2025-06-10

ད་ལོའི་མཐོ་རྒྱུགས་ལ་ཁུལ་ཡོངས་ཀྱི་སློབ་གསོ་དང་། སྤྱི་བདེ། འགྲིམ་འགྲུལ་ཉེན་རྟོག། གློག་ཤུགས། མང་ཚོགས་རྩ་འཛུགས་སོགས་སྡེ་ཚན་མང་པོས་འགྲིམ་འགྲུལ་སྣེ་ཁྲིད་དང་། གློག་ཤུགས་འགན་ལེན། ཁོར་ཡུག་སྲུང་སྐྱོང་དང་དམངས་འཚོ་ཞབས་ཞུ་བཅས་མཉམ་འདྲེས་བྱས་ཏེ་མཐོ་རྒྱུགས་ལ་འགན་སྲུང་སྲུང་སྐྱེལ་ཡག་པོ་བྱས་ནས། རང་ཁུལ་གྱི་རྒྱུགས་སྤྲོད་སློབ་མ3664ཡི་ཕུགས་བསམ་མངོན་དུ་འགྱུར་ཆེད་རམ་འདེགས་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནི་སི་ཁྲོན་ཞིང་ཆེན་གྱིས“3+1+2”རྣམ་པའི“མཐོ་རྒྱུགས་གསར་པ”ལག་ལེན་ཐོག་མ་བསྟར་བ་ཡིན་ལ། མཐོ་རྒྱུགས་ཁྲོད་དུ་རང་ཁུལ་གྱིས་རྒྱུགས་གནས་ཚད་ལྡན་ཅན9དང་རྒྱུགས་ར147དང་། གསང་སྲུང་ཁང10བཅས་བཙུགས་པར་མ་ཟད། རྒྱུགས་ལས་ལས་དོན་མི་སྣ900ལྷག་ལས་ཀར་ཞུགས་པ་རེད།།


ལོ་ཙཱ། ཡེ་ཤེས། 

རྩོམ་སྒྲིག་པ། ཡེ་ཤེས།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཟོང་རྟགས་གསུམ་མིང་ཐོ་འདིའི་ནང་དུ་ཚུད་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།