དཔྱིད་དུས་ཀྱི་ས་བྲིས་རྡོ་བྲིས།

ཨོ་རྒྱན་དོན་གྲུབ།        2025-07-21

དཔྱིད་དུས་ཀྱི་ས་བྲིས་རྡོ་བྲིས།

 

དཔྱིད་ཀྱི་ཁ་བས་རི་ཀླུང་བཀླུབས་དུས་རང་སེམས་སྐྱོ་བའི་མེ་དཔུང་ཞི།།

ཞོགས་རླུང་བསིལ་མོ་གདོང་ལ་ཕོག་དུས་ལུས་ལ་བདེ་བའི་དྲོལ་ཁོལ་འཛོམས།།

ས་ཆེན་པང་བར་རྐང་རྗེས་ཕབ་དུས་བྱིས་དུས་སྣང་བརྙན་ཕྱིར་དྲན་བྱས།།

དཔེ་ཁུག་ཁུར་ནས་ཀ་ཁ་ཀློག་པའི་བྱིས་པ་སྣུབ་ལུགས་སྐྱིད་པ་ལ།།

 

འབྱོར་བའི་མེ་ཏོག་ཀུན་ནས་བཞད་དུས་ཕྱི་ནང་སྦྲང་མས་བརྩེ་བས་བསྐོར།།

དཀའ་བའི་འགག་ཕྲེང་སྒོར་གྱིས་དོག་དུས་ཉེ་འཁོར་མི་ཡི་ཕྱི་ཐག་གསལ།།

འཇིག་རྟེན་ཁྲ་ཁྲ་འཁོར་བའི་ཐང་ན་མི་སེམས་མི་ཡིས་རྟོགས་དུས་མེད།།

ཚེ་སྲོག་དར་སྐུད་མ་ཆད་བར་དུ་ངོ་མཚར་གཏམ་རྒྱུད་མང་དུ་མཐོང་།།


  • ལེ་ཚན་སྔོན་མ།:འཆར་སྣང་ངོས་ཀྱི་ཁྱོད།
  • ལེ་ཚན་རྗེས་མ།:བར་སྐོར་གྱི་ཆང་ཁང་།