འཆར་སྣང་ངོས་ཀྱི་ཁྱོད།

    ༼ ཁམས་པ་རབ་དབྱངས། ༽    2025-07-15



བདག་གི་འཆར་སྣང་ངོས་སུ་ཁྱོད་ཀྱི་ངོ་གདོང་།

རྨི་ལམ་དང་སྒྱུ་མ་བཞིན་མཐོང་ཚེ།

བར་ཐག་གི་མིག་མདངས་ཤོར་སོང་།

ཉིན་ཞག་རིང་མོ་འདི་ག་ནས།

ཁྱོད་ལ་སྙིང་པོ་མེད་པར་གྱུར་རྗེས།

སེམས་ངལ་གྱི་ན་བུན་འདི་དག།

ཡོངས་སུ་དུབ་པར་གྱུར།

ཞེ་སྨྲེང་སའི་མི་འདི།

ང་རང་གི་སྙིང་པོ་གྱུར་པ་ཡིན།

མཛའ་བརྩེ་རྙིང་སའི་མི་འདི།

ང་རང་གི་སྐྱེ་བ་གྲངས་མེད་ཡིན།

སྐྱེ་བ་གྲངས་མེད་ཅིག་ནས།

སེམས་ཀྱི་འཁྱག་རླུང་འདི།

རང་གི་ཉེ་སར་ལྡང་རྗེས།

ཁྱོད་ནི་གྲིབ་མའི་ཚུལ་དུ་རྒྱུ་བཞིན་འདུག།

བར་ཐག་གི་འཁྲིས་སུ་གཡོ་བཞིན་འདུག།



  • ལེ་ཚན་སྔོན་མ།:བརྩེ་སེམས་ཡིད་ཀྱི་མགུར་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།