པེ་ཅིང་དུ་ཤིན་ཅང་དང་བོད་ཀྱི་རི་མོའི་བརྩམས་ཆོས་འགྲེམས་སྟོན་གཉེར་བ།

        2025-06-30


ཉེ་ཆར། “མཛེས་སྡུག་ཞི་མཐུན་གྱི་མཐའ་མཚམས། མི་རིགས་ཀྱིས་མཉམ་གླུ་ལེན——ཤིན་ཅང་དང་བོད་ཀྱི་རི་མོའི་བརྩམས་ཆོས་འགྲེམས་སྟོན”ཀྲུང་གོ་མཛེས་རྩལ་ཁང་དུ་དངོས་སུ་གཉེར་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ཟླ་7ཚེས་14ཉིན་བར་གཉེར་རྒྱུ་ཡིན་པ་རེད། འགྲེམས་སྟོན་ནང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཡིག་རིས་ཁང་དང་། ཀྲུང་གོ་མཛེས་རྩལ་ཁང་། དེ་བཞིན་ཤིན་ཅང་དང་བོད་ཀྱི་འབྲེལ་ཡོད་ཚན་པ་བཅས་ཀྱི་ཉར་རྟེན་རྩེ་གྲ་དང་། ཆེད་མངགས་གདན་ཞུའི་བརྩམས་ཆོས། ཉེ་དུས་གསར་རྩོམ་བྱས་པའི་བརྩམས་ཆོས་བཅས་300ལྷག་ཙམ་ཡོད་ཅིང་། དེ་དག་ནང་ཀྲུང་གོའི་རི་མོ་དང་། སྣུམ་ཚོན་རི་མོ། བརྐོས་རིས། འཇིམ་བརྐོས། བརྙན་པར་སོགས་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཚུད་ཡོད་པ་རེད། འགྲེམས་སྟོན་དེ“མཛེས་སྡུག་ལྡན་པའི་ཤིན་ཅང”དང་། “བཀྲ་ཤིས་པའི་བོད་ལྗོངས”“མཛེས་སྡུག་ཞི་མཐུན་གྱི་ཤིན་ཅང” “མཛེས་སྡུག་ཞི་མཐུན་གྱི་བོད་ལྗོངས”བཅས་ནང་དོན་ཆེ་བ་ཁག་བཞི་ལ་ཕྱེ་ནས་མཐའ་མཚམས་ས་ཁུལ་གྱི་ཁྱད་ཆོས་དང་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། དེ་དག་ཁྲོད་ནས་བོད་ལྗོངས་བརྗོད་གཞིར་བྱས་པའི་རི་མོའི་བརྩམས་ཆོས་150ལྷག་ཙམ་མངོན་གསལ་ལྷག་པར་དོད་ཅིང་། གསར་རྩོམ་པ་ཚོས་རང་ཉིད་ཀྱི་པིར་རྩལ་ལེགས་པར་ངོམས་ནས་བོད་ཀྱི་བརྗིད་ཆགས་ཉམས་དགའི་རི་ཆུ་གསོན་ཉམས་དོད་པོས་ཤོག་ཐོག་ཏུ་ཕབ་སྟེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འཕོ་འགྱུར་རླབས་པོ་ཆེ་བརྗོད་པ་དང་ཆབས་ཅིག མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་དཔུང་སྦྲེལ་གྱིས་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་གསོན་ཉམས་དོད་པའི་རྣམ་པ་རི་མོའི་ལམ་ནས་མཚོན་པར་བྱས་ཡོད།


ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས།
  • ལེ་ཚན་རྗེས་མ།:པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་སར་ཕེབས་པ།
  • དོ་སྣང་ཆེ་བའི་རྩོམ།