ཧྲེན་དབྱང་གིས་ཉག་རོང་དང་ལི་ཐང་།འདབ་པ་རྫོང་སོགས་སུ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྟོག་ཞིབ་གནང་སྐབས།

        2025-10-13

ཧྲེན་དབྱང་གིས་ཉག་རོང་དང་ལི་ཐང་།འདབ་པ་རྫོང་སོགས་སུ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྟོག་ཞིབ་གནང་སྐབས། 

 ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་དང་ཞབས་ཞུའི་འགན་ལེན་ལེགས་སུ་བཏང་སྟེ་ཤུགས་ཡོད་རྒུས་བདེ་འཇགས་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་དང་སྤྲོ་སྣང་ཞི་མཐུན་ཅན་གྱི་དུས་ཆེན་གྱི་རྣམ་པ་སྐྲུན་དགོས་ཞེས་གསུངས། 


     སྤྱི་ཟླ10ཚེས3ནས6ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་རོང་དང་ལི་ཐང་།འདབ་པ་སོགས་སུ་ཕེབས་ནས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་ཞབས་ཞུ་དང་འགྲིམ་འགྲུལ་བདེ་འཇགས། ཉེན་མེད་ཐོན་སྐྱེད། ལས་རེས་ལས་སྲུང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ལས་གནས་དང་པོར་ཡོད་པའི་ལས་བྱེད་ལས་བཟོ་པར་འཚམས་འདྲི་དང་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་དང་ཞབས་ཞུའི་འགན་ལེན་ལེགས་སུ་གཏོང་བ། རྣམ་པ་བཟང་པོ་མངོན་པ་བཅས་བྱས་ཏེ་བདེ་འཇགས་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་དང་སྤྲོ་སྣང་ཞི་མཐུན་ཅན་གྱི་དུས་ཆེན་གྱི་རྣམ་པ་སྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།


    ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་བསྐྱོད་དེ་ཆེས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་ལ་རོལ་མྱོང་བྱེད་པའི་ཚ་རླབས་མུ་མཐུད་མཐོ་རུ་ཕྱིན་པ་དང་རང་ཁུལ་གྱི་ལྗོངས་ཁུལ་མང་པོར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མཐོ་རུ་ཕྱིན་པ་དང་།ས་གནས་ཁག་གི་སྣེ་ལེན་ཞབས་ཞུའི་འགན་ལེན་ནུས་པའི་ཐད་ཧྲེན་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་བ་རེད། ས་གནས་རེར་སླེབས་དུས་ཧྲེན་དབྱང་གིས་ལྗོངས་ཁུལ་གྱི་གཉེར་སྐྱོང་དང་ཡུལ་སྐོར་བ་སྣེ་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཉག་རོང་དང་ལི་ཐང་།འདབ་པ་རྫོང་བཅས་ཀྱིས་བྱེད་ཐབས་སྣ་མང་གིས་དུས་ཆེན་གྱི་རྣམ་པ་ལེགས་བསྒྱུར་དང་ཡུལ་སྐོར་བར་ཞབས་ཞུ་ལེགས་པོ་སྒྲུབ་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།


ཧྲེན་དབྱང་གིས་བསྟན་དོན།ད་ལོའི་གུང་གསེང་དུས་ཡུན་རིང་ཞིང་རང་ཁུལ་དུ་ཡུལ་སྐོར་བ་མང་ལ་རླངས་འཁོར་ཡང་ཧ་ཅང་མང་བས། ས་གནས་ཁག་དང་སྡེ་ཚན་སོ་སོས་ལས་དོན་ཁག་ཟབ་ཅིང་ཞིབ་ཕྲ་བསྒྲུབས་ཏེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་གཉེར་གསར་པས་ཡུལ་སྐོར་བ་ཚོས་ལྟ་འདོད་ཉན་སྤྲོའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ཏེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། གཞུང་ལམ་འགྲིམ་འགྲུལ་དང་ཡུལ་སྐོར་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ལྗོངས་ཁུལ་སྒོ་འབྱེད་དང་འགྲིམ་འགྲུལ་གནས་ཚུལ།གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཡུལ་སྐོར་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་ཤུགས་ཡོད་རྒུས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་དང་།ཡུལ་སྐོར་བ་ཚོར་སེམས་བདེ་ཞིང་ཡིད་སྤྲོ་བའི་བག་ཕེབས་ཀྱི་ཡུལ་སྐོར་ཁོར་ཡུག་ཡག་པོ་སྐྲུན་དགོས།


ཧྲེན་དབྱང་གིས་ཉག་རོང་རྫོང་མཚོ་ཁ་མཚེའུ་དང་། ལི་ཐང་རྫོང་གཟིམས་ཁང་གནའ་གྲོང་། འདབ་པའི་ཉི་སྟེན་དང་རྩྭ་ཐང་དམར་པོ་སོགས་ལྗོངས་ཁུལ་གྱི་ཡུལ་སྐོར་ཚོང་རའི་ཡུལ་དངོས་སུ་ཆ་རྒྱུས་གནང་ཞིང་། ཡུལ་སྐོར་བ་དང་བྱམས་བརྩེའི་ངང་ཁ་བརྡ་ལབ་ཞོར་ཡུལ་སྐོར་མྱོང་ཚོར་དྲིས་ཤིང་། ཁོ་ཚོར་དཀར་མཛེས་ཁུལ་དུ་སྤྲོ་སྐྱོད་བག་ཕེབས་ཀྱི་གུང་གསེང་ཞིག་རོལ་བའི་སྨོན་འདུན་ཞུས་པ་རེད། ཁོང་གིས་ཡུལ་དེ་གའི་ཞབས་ཞུ་འགན་སྲུང་སྡེ་ཚན་ལ་ལྟ་སྐོར་འགྲོ་ཕྱོགས་དང་འགྲིམ་འགྲུལ་སྦྲེལ་མཐུད།རླངས་འཁོར་འཇོག་པར་སྣེ་ཁྲིད་བཅས་ལེགས་སུ་བཏང་ནས་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་བསྐང་ཅི་ཐུབ་དང་། ཡུལ་སྐོར་བའི་ཉམས་ཞིབ་དང་བློར་བབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད། ནེ་པ་ལའི་རྒྱལ་ཁབ་འགྲེམ་སྟོན་ཁང་གི་ལི་ཐང་འགྲེམས་ཚོང་ལྟེ་གནས་སུ་ཧྲེན་དབྱང་གིས་དེ་ནི་རང་ཁུལ་ལམ་སི་ཁྲོན་ཞིང་ཆེན་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རིག་གནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱས་ནས་འབྲེལ་མཐུད་སྤེལ་རེས་བྱས་ཏེ་ཁེ་ལས་དང་མཉམ་དུ་རང་ཁུལ་དང་ནེ་པ་ལའི་མཛའ་མཐུན་མཉམ་ལས་སྟེགས་བུ་ཡག་པོ་བཙུགས་ནས་ཁུལ་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་རྒྱུན་ཆད་མེད་པར་བྱས་རྗེས་འབུལ་དགོས་ཞེས་བསྟན།

ལི་ཐང་རྫོང་ལྷོ་ཆུ་ཁའི་སྤྱི་བདེ་ཞིབ་བཤེར་ས་ཚུགས་དང་འདབ་པ་རྫོང་རྒྱལ་ལམG227པའི་གསུམ་འདུས་ཞབས་ཞུའི་ས་ཚུགས་སུ་ཧྲེན་དབྱང་གིས་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག།གཞུང་ལམ་བདག་སྐྱོང་མི་སྣ་བཅས་ལ་འཚམས་འདྲི་གནང་བ་དང་། ཚང་མས་འགྲིམ་འགྲུལ་སྒྲིག་ལམ་བཟང་པོ་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་ལ་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་མཐིལ་ཚད་ཀྱི་བསམ་གཞིགས་བཟུང་ནས་སྐོར་ཞིབ་སྔོན་ཟོན་ཚོད་འཛིན་དང་དྲང་གཞག་ཤེས་དཔལ་ལྡན་པའི་ཁྲིམས་འཛིན་ལ་ཤུགས་བསྣན་ཏེ། འགྲིམ་འགྲུལ་ཉེན་མེད་དང་འགག་སེལ་བདེར་བགྲོད། སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཡུལ་སྐོར་ཚོང་ར་གོ་རིམ་ལྡན་པ་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས་ཞེས་སྐུལ་ལྕག་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། དྲུང་ཆེ་ཁྲེན་པོ་ཐའོ་དང་། ཉག་རོང་དང་ལི་ཐང། འདབ་པ་རྫོང་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་པ་རེད།།


(ལྷ་འཛོམས་ཀྱིས་བསྒྱུར། )


  • ལེ་ཚན་སྔོན་མ།:ཡུལ་སྐོར་བས“12345”སྟེགས་བུ་བརྒྱུད་ནས་ཉེན་རྟོག་པར་བཟང་བསྟོད་བྱས།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གཙང་མདོ་ཡུལ་ཤོག་གིས་ལུག་མིག་མེ་ཏོག་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཐབས་ལམ་འཚོལ།
  • དོ་སྣང་ཆེ་བའི་རྩོམ།