སྣག་ཚ་ནག་པོ། 2025-07-24
ཀྱེ་ཀྱེ། སྐྱབས་ཆེན།
རླུང་བུས་མུན་པ་བསྒུལ།
མུན་པས་གཙང་པོ་འཇོམས་དུས།
ངས། ཁེར་རྐྱང་གི་ཐ་སྙད་གཤོམ་བཞིན།
ཡིག་ཚོགས་ཀྱི་ཁུ་སིམ་ཁྲོད་དུ་ཉལ་བའི་
སྙན་ངག་པ་དེ་དྲན་བྱུང་།
རི་ཆེན་རི་ཆུང་གི་ལ་མོའི་རྩེ་ནས།
ཟླ་འོད་སྙེག་བཞིན་སྐར་མ་བརྩིས་ནས་
ལོ་ཟླ་ག་ཙམ་འགོར།
བཞེས་ཆང་མེད་པའི་དམ་བེ་སྟོང་པས།
སེམས་ཀྱི་ལྷན་པ་བཟིས་ནས་ཡུན་རིང་ལུས།
ཀྱེ་ཀྱེ། སྐྱབས་ཆེན།
“ཆང་ཁང”མེད་པའི་བར་སྐོར་གྱི་ཆང་ཁང་།
ངས་གོ་བ་ལོན་ཐབས་མི་འདུག།
ང་ནི་སྙན་ངག་ལ་རྨོངས་པའི་“སྙན་ངག་པ”
ཞིག་ཡིན་པས།
ཁྱོད་ཀྱིས་ཤུན་སྐོགས་ཀྱིས་བརྩམས་པའི་
ཡིག་འབྲུ་དེ་ཚོ།
ངས་སྲོལ་རྒྱུན་དང་རང་མོས་ཅི་ཡིན་ལའང་
འཁྲུལ་བར་འགྱོད་བཤགས་མཛད་རོགས།
ཀྱེ་ཀྱེ། སྐྱབས་ཆེན།
ཁྱོད་ཀྱི་སྙན་ངག་ངས་བལྟས་ཟིན་པ་ཡིན།
བར་སྐོར་གསང་ལམ་ཡང་ངས་འགོ་མཇུག་
རོལ་མྱོང་།
ཡིན་ནས། ངས་བར་སྐོར་གྱི་ཁྲོམ་ལམ་ནས།
ཁྱོད་ཀྱི་སྙན་ངག་གི་ཁ་བྱང་མ་རྙེད།
“area18club,Canyon Town Bar”
ཁྲ་ཁྲ་སིལ་སིལ་དང་འ་འུར་ཆོམ་སྒྲ་ཡིས་
ཁེངས་པའི་ཁང་ཆུང་སྦུག་ནས།
གློག་གི་འགྱུ་བས་གོས་ཀྱི་ལྷན་པར་རང་
དབང་བཙལ།
ཆང་གི་རླངས་པས་སེམས་ཀྱི་ན་
ཟུག་རླུང་ལ་བསྐུར།
ཀྱེ་ཀྱེ། སྐྱབས་ཆེན།
ངས་དེ་དག་གི་ཁྲོད་ནས་ཁྱོད་ཀྱི་
སྙན་ངག་གི་ཁ་བྱང་བཙལ།
བཙལ་བཙལ་མཐར།
སྒྲོན་མེའི་འོག་གི་ཚིག་དང་ཐ་སྙད་མ་
རྙེད་གོང་།
ངའི་རྣམ་ཤེས་ཀྱི་བན་བུན།
ཐ་མག་གི་མེ་ལྕེ་དང་ལྷན་དུ་ཚིག་
རིལ་བཏང་།
དུས་དེ་ནས་བཟུང་།
ངས་ཁྱོད་ཀྱི་དཀར་ཆག་མེད་པའི་སྒྲུང་
རིང་གི་རྫོགས་ཤད་མ་རྙེད་ལ།
སྙན་ངག་རིན་ཆེན་གྱི་གོ་འཕང་འཐོབ་
དབང་མ་བྱུང་།
དེ་ནི། ངས་ནག་ནག་མུན་པའི་དཀྱིལ་
དུ་བླངས་པའི་སྨྲེང་གླུ་ཡིན།
རྩོམ་གསར། 10
 འབའ་ཐང་གི་ཁྲོམ་རར་རི་སྐྱེས་ཤ་མོ་ཉོ་ཚོང་ལ་བྲེལ།
 འབའ་ཐང་གི་ཁྲོམ་རར་རི་སྐྱེས་ཤ་མོ་ཉོ་ཚོང་ལ་བྲེལ། བར་སྐོར་གྱི་ཆང་ཁང་།
 བར་སྐོར་གྱི་ཆང་ཁང་། ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབ
 ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབ རྨི་ལམ་དང་འབྲེལ་བའི་ཁྱོད་ཉིད།
 རྨི་ལམ་དང་འབྲེལ་བའི་ཁྱོད་ཉིད། འོད་ནང་གི་ལོང་བ།
 འོད་ནང་གི་ལོང་བ། འབྲི་ཆུའི་འབའ་ཐང་ཆུ་ཤུགས་གློག་ཁང་ནས་གློག་འདོན་འགོ་
 འབྲི་ཆུའི་འབའ་ཐང་ཆུ་ཤུགས་གློག་ཁང་ནས་གློག་འདོན་འགོ་ ནམ་གུང་གི་དོན་རྐྱེན་དང་ངའི་ཞང་པོ།
 ནམ་གུང་གི་དོན་རྐྱེན་དང་ངའི་ཞང་པོ། འཆར་སྣང་ངོས་ཀྱི་ཁྱོད།
 འཆར་སྣང་ངོས་ཀྱི་ཁྱོད། བརྩེ་སེམས་ཡིད་ཀྱི་མགུར་ཆུང་།
 བརྩེ་སེམས་ཡིད་ཀྱི་མགུར་ཆུང་། ནམ་གུང་གི་དོན་རྐྱེན་དང་ངའི་ཞང་པོ།
 ནམ་གུང་གི་དོན་རྐྱེན་དང་ངའི་ཞང་པོ།