འབའ་ཐང་གི་ཁྲོམ་རར་རི་སྐྱེས་ཤ་མོ་ཉོ་ཚོང་ལ་བྲེལ།

        2025-07-29

ཉེ་ཆར། འབའ་ཐང་གི་ཁྲོམ་རའི་ནང་དུ་རི་སྐྱེས་ཤ་མོའི་དྲི་ཞིམ་གང་སར་ཁྱབ་འདུག། སླེ་བོ་ནང་གི་ཤ་མོ་སྣ་ཚོགས་ལ་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། 

ཉིན་གུང་གི་ཚོང་རར་ཚ་བ་ཅི་འདྲ་ཆེ་རུང་རི་སྐྱེས་ཤ་མོ་ཉོ་མཁན་གྱི་མི་གཅིག་རྗེས་གཉིས་མཐུད་རེད་འདུག།   ད་ལོ་ཤ་མོའི་རིན་གོང་ཧ་ཅང་བདེ་མོ་ཡིན་པས། མང་ཚོགས་དང་ཡུལ་སྐོར་བ་རྒྱུན་མི་ཆད་པར་མ་ཟད། མྱུར་སྐྱེལ་སྤྱི་གཉེར་ཁང་གིས་ཀྱང་ཚ་ཚ་འུར་འུར་གྱིས་ཐུམ་སྒྲིལ་རྒྱག་བཞིན་ཡོད་ལ། ཚོང་རའི་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག།    

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཆར་ཆུ་ཅུང་ཕུན་སུམ་ཚོགས་པོ་ཡིན་མོད། འོན་ཀྱང་ཤ་མོ་ཚོང་རར་བུད་མ་ཐག་མི་རྣམས་ཀྱི་དགོས་མཁོ་བསྐང་མི་ཐུབ་པས། མི་རྣམས་ཀྱིས་ངང་གིས་སྒུག་བཞིན་འཚང་ཁ་ཤིག་ཤིག་གིས་འཕྲོག་རེས་བྱས་ནས་ཉོ་བཞིན་འདུག། 


གསར་འགོད་པ། བློ་བཟང་རྒྱ་མཚོ། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སློབ་མ13319འབྲིང་རྒྱུགས་ལ་ཞུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།