ཨོ་རྒྱན་དོན་གྲུབ། 2025-08-26
དབྱར་གཞུང་གི་མགྱོགས་བྲིས།
ཡིད་དབུས་མེ་ཏོག་བཞད་པའི་དུས།།
ཁྱེད་ཉིད་དུས་ཀྱི་སྦྲང་ཆར་ཡིན།།
སྣོད་བཅུད་དྲོད་ཀྱིས་བཏམས་དུས་འདིར།།
གཡང་ལ་འཁྱིལ་བའི་དབྱར་གཞུང་ཁྱེད།།
སྤང་གཞུང་ཡངས་མོའི་པང་བ་ནས།།
མེ་ཏོག་འཐོག་པའི་སེམས་མ་ཁྱེད།།
དགུང་གི་ཉི་མར་ཁ་གཏད་ནས།།
སུ་ཡི་སེམས་ཀྱི་སྲུང་མ་ཡིན།།
ཚ་དྲོད་འཕྱུར་བའི་གྲོང་ཁྱེར་དུ།།
ཁྱེད་ཀྱི་བསིལ་རླུང་གཡབ་མོ་ཡིན།།
རླུང་བུ་གདོང་ལ་ཕོག་ཐེངས་རེར།།
ལུས་སེམས་གཉིས་ལ་བདེ་བ་སྟེར།།
བརྩེ་བའི་མིག་ཟུང་སྒོར་སྒོར་ཞིག།།
ཞེ་ལ་འཁྱིལ་ནས་ཡུན་རིང་སོང་།།
གཙང་པོ་དེའི་འགྲམ་ལོག་ནས།།
ཞེ་མཐུན་སུ་ཞིག་བསྒུགས་ནས་ཡོད།།
ཞོགས་པར་རི་རྩེའི་སྤྲིན་དཀར་དེ།།
ཉི་གཞོན་འདྲེན་པའི་རྟགས་སུ་འཁྲུངས།།
སྐྱོ་བའི་ན་བུན་དབྱིངས་སུ་ཡལ།།
མི་སེམས་དྲན་སྣང་སྐྱིད་པ་ལ།།
བརྩེ་བའི་ཞེ་འདང་གཡུང་དྲུང་རིས།
ཡུལ་ལ་འཁྱིལ་བའི་བདེན་རྟགས་སུ།།
རྐང་རྗེས་ཡུལ་ལ་སྤར་སོང་ན།།
ཚེ་རབས་བསྐལ་བའི་འཕྲིན་ལས་བརྗིད།།
2022.7.21.ཉིན་སྤུན་ཚེ་རིང་ནད་མེད་ཀྱིས་སྐུལ་ངོར་བྲིས།
རྩོམ་གསར། 10