ཟླ་བ་འདིའི་ནང་གཡག་མདོ་མྱུར་ལམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།

        2025-08-07

སྤྱི་ཟླ7པའི་ཚེས30ཉིན། སི་ཁྲོན་མྱུར་བགྲོད་གཞུང་ལམ་སྤྱི་བདེ་ཡན་ལག་ཅུས་བཞི་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཡག་མདོ་མྱུར་བགྲོད་གཞུང་ལམ་དར་མདོ་ནས་ལྕགས་ཟམ་ཁའི་བར་གྱི་ལམ་དུམ(དར་མདོ་ནས་ལྕགས་ཟམ་ཁའི་ཕྱོགས)ལ་ཟླ་བ8པའི་ཚེས3ཉིན་ནས་ཟླ་བ9པའི་ཚེས30ཉིན་བར་གྱི་ཆུ་ཚོད22ནས་ཉིན་རྗེས་མའི་ཆུ་ཚོད7བར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད།  


གནས་ཚུལ་ཞིབ་ཕྲ་གཤམ་གསལ།  ⬇️⬇️⬇️ གཡག་མདོ་མྱུར་བགྲོད་གཞུང་ལམ་དར་མདོ་ནས་ལྕགས་ཟམ་ཁ་བར་གྱི་ལམ་དུམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ། G4218གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་གཡག་མདོ་ལམ་དུམ(གཤམ་དུ་བསྡུས་མིང་ལ“གཡག་མདོ་མྱུར་ལམ”ཟེར)གྱི་ལྕགས་མདོ་ཕུག་ལམ་ཁྱུ་ཚོགས་ཀྱི་ལམ་རྒྱུད་དུ་ས་གཤིས་གནོད་སྐྱོན་སེལ་བའི་དགོས་མཁོ་ཡོད་རྐྱེན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ད་ལྟ་བཀག་སྡོམ་དུས་ཚོད་དང་འབྲེལ་ཡོད་བླང་བྱ་གཤམ་གསལ་ལྟར་བསྒྲག་སྤེལ་བྱ་རྒྱུ་ཡིན།


གཅིག། བཀག་སྡོམ་དུས་ཚོད། 2025ལོའི་ཟླ་བ8པའི་ཚེས3ཉིན་ནས་ཟླ་བ9པའི་ཚེས30ཉིན་བར་གཡག་མདོ་མྱུར་ལམ་དར་མདོ་ནས་ལྕགས་ཟམ་ཁ་བར་གྱི་ལམ་དུམK135-K95+400(དར་མདོ་ནས་ལྕགས་ཟམ་ཁའི་ཕྱོགས)ས་གཤིས་གནོད་སྐྱོན་སེལ་བའི་མྱུར་ཚད་དང་དགོས་མཁོ་ལ་གཞིགས་ནས་ཆུ་ཚོད22ནས་ཉིན་རྗེས་མའི་ཆུ་ཚོད7བར་འགྲིམ་འགྲུལ་བཀག་སྡོམ་ལག་ལེན་བསྟར་རྒྱུ་དང་བཀག་སྡོམ་དུས་ཚོད་ཞིབ་ཕྲ་ལོགས་སུ་སྤྱི་བསྒྲགས་བྱ་རྒྱུ་རེད།


གཉིས། བཀག་སྡོམ་བྱ་ཡུལ། བཀག་སྡོམ་བྱེད་རིང་གཡག་མདོ་མྱུར་ལམ་དར་མདོ་ནས་ལྕགས་ཟམ་ཁའི་ཕྱོགས་སུ་འགྲོ་སྐྱོད་བྱེད་དགོས་པའི་ཨར་ལས་ལས་སྒྲུབ་ཕུད་པའི་རླངས་འཁོར་ཚང་མ་ཡིན། 


གསུམ། སྐོར་སྐྱོད་ལམ་ཐབས། དོ་དམ་བྱེད་རིང་དར་མདོ་ནས་གཡག་རྔ་བར་གྱི་རླངས་འཁོར་རྒྱལ་སྲུང་གཞུང་ལམ318བརྒྱུད་ནས་ལྕགས་ཟམ་ཁའི་ལམ་ཁྲལ་ས་ཚུགས་ནས་མྱུར་ལམ་དུ་འབུད་དགོས།


བཞི། བཀག་སྡོམ་བླང་བྱ། གཡག་མདོ་མྱུར་ལམ་དུ་འགྲོ་སྐྱོད་བྱེད་པའི་རླངས་འཁོར་ཁ་ལོ་བས་རང་འགུལ་ངང་འབྲེལ་ཡོད་བཀག་སྡོམ་ཆ་འཕྲིན་རྒྱུས་ལོན་བྱེད་རོགས། འགྲོ་སྐྱོད་དུས་ཚོད་སྔོན་ནས་བཀོད་སྒྲིག་དང་འབྲེལ་ཡོད་ལས་དོན་མི་སྣའི་ཁྲིད་སྟོན་ལ་བརྩི་སྲུང་ཞུ་དགོས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་འགྲིམ་འགྲུལ་དོ་དམ་གཏན་འབེབས་དང་འགལ་མཁན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅད་རྒྱུ་ཡིན། 


སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག། 

 མྱུར་ལམ་རུ་ཁག་བཞི་པའི་རུ་ཆེན་དགུ་པ། 

 2025ལོའི་ཟླ7པའི་ཚེས30ཉིན། 


 ལོ་ཙཱ།  རྟ་མགྲིན་རྡོ་རྗེ། 

 རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།