དཔེ་ཆ་རྩ་ཆེན་འདི་ཉིད་སླར་ཡང་བོད་ལ་ཚུར་རག་འདུག།

        2025-09-18

     ཉེ་ཆར། ལྷ་ས་འགག་སྒོའི་ལས་ཁུངས་ཁོངས་གཏོགས་ཀྱི་སྤུ་ཧྲེང་འགག་སྒོའི་ལས་ཁུངས་ཀྱིས་རྒྱལ་ཁོངས་ཕྱིར་གྱར་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ》རྒྱལ་ཁོངས་སུ་འབྱོར་བར་ལྟ་འདོམས་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད།

དཔེ་ཆ་རྩ་ཆེན་འདི་ཉིད་སླར་ཡང་བོད་ལ་ཚུར་རག་འདུག།

     སྤུ་ཧྲེང་འགག་སྒོའི་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་དང་སྤུ་ཧྲེང་རྫོང་སོགས་ས་གནས་སྡེ་ཚན་དང“ཆ་འཕྲིན་བརྗེ་རེས་དང་། ཁྲིམས་སྒྱུར་རོགས་རེས། ཐོན་ཁུངས་མཉམ་སྤྱོད”བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་ཕྱོགས་མང་པོ་བཙུགས་ཏེ། བསྟན་བཅོས་ལ་ཞིབ་དཔྱད་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་འདོམས་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།        ཤེས་རྟོགས་བྱུང་བར་གཞིགས་ན། རིག་དངོས་དེ་ནི་བོད་དུ་དར་ཆེ་བའི༼ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ༽ཡི་ཆ་ཚང་བའི་པར་གཞི་ཡིན་པ་དང་དེར་ཁྱོན་བསྡོམས་པོད12ཡོད་ཅིང་། དཔྱད་འདོམས་བྱས་པ་བརྒྱུད། དེ་ནི་དུས་རབས11པ་ནས12པའི་བར་གྱི་བྲིས་མ་རྩ་ཆེན་ཞིག་རེད་ལ། དེའི་ཁྱད་དུ་འཕགས་པའི་རི་མོའི་སྒྱུ་རྩལ་སོགས་ལ་རིག་དངོས་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་། ཀྲུང་ཧྭའི་ཤེས་དཔལ་གྱི་གཅེས་ནོར་ཞིག་རེད། 


ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་ལ་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།