སེར་ཤུལ་རྫོང་གིས་དྲ་བ་ཉེན་མེད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

        2025-09-20

    སྤྱི་ཟླ9པའི་ཚེས17ཉིན་གྱི་ཕྱི་དྲོར། སེར་ཤུལ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་དྲྭ་འཕྲིན་གཞུང་དོན་ཁང་གིས་རྫོང་ཨུ་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་། རྫོང་དཔལ་འབྱོར་ཡིད་རྟོན་ཅུས། རྫོང་སློབ་གསོ་ལུས་རྩལ་ཅུས། རྫོང་སྤྱི་བདེ་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཆུ་མིག་ཐང་ཆེན་ནས2025ལོའི་རྒྱལ་ཁབ་ཀྱི་དྲ་བ་ཉེན་མེད་དྲིལ་བསྒྲགས་གཟའ་འཁོར་གྱི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ། 


    བྱེད་སྒོར་འཕྲེད་བྱང་འགེལ་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲད་པ། ཡུལ་དངོས་ནས་དོགས་གཞིར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་དོན་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བ་ཉེན་མེད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན་འགྲེལ་བཤད་བྱས་ནས་དྲ་བའི་སྦྲེལ་ཐག་དབྱེ་འབྱེད་ངོས་འཛིན་དང་དྲ་བ་ཉེན་མེད་ཀྱི་འདུ་ཤེས་ཆེ་རུ་བཏང་བ་རེད།     རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་ན་གཞོན་ལོ་ཆུང་ལ་དམིགས་ནས་ཚུལ་དང་ལྡན་པའི་སྒོ་ནས་དྲ་བར་ཞུགས་པ་དང་དྲ་བ་བེད་སྤྱོད་ཐབས་དྲིལ་བསྒྲགས་བྱས་པ་རེད།


    རྫོང་ཁྲིམས་འཛིན་ཅུས་ཀྱིས་དྲ་བ་ཉེན་མེད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལ་དམིགས་ནས་མང་ཚོགས་ལ་ཆེད་ལས་ཀྱི་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཞུས། ཞིང་ལས་དངུལ་ཁང་དང་ཞིང་ཚོང་དངུལ་ཁང་གིས་དངུལ་རྩའི་བདེ་འཇགས་ལ་དམིགས་དྲྭ་ཚུགས་ཇི་ལྟར་དབྱེ་འབྱེད་དང་དྲ་བའི་གཏོང་སྤྲོད་ཉེན་ཁར་དོགས་ཟོན་བྱེད་དགོས་པ་འགྲེལ་བཤད་བྱས། སྡེ་ཚན་མང་པོས་མཉམ་འགུལ་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་བྱས་པ་བརྒྱུད་མང་ཚོགས་ལ་དྲ་བ་ཉེན་མེད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག1500ལྷག་སྤྲད་པ་དང་དྲ་བ་ཉེན་མེད་འཕྲེད་བྱང་དང་སྦྱར་ཡིག20ལྷག་སྦྱར།


    རྗེས་མར་སེར་ཤུལ་རྫོང་གིས་དྲིལ་བསྒྲགས་ཀྱི་རྣམ་པ་རྒྱུན་མཐུད་ངང་གསར་གཏོད་དང་དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་འཕྲིན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྤྱད་དེ་དྲྭ་ཐོག་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་དྲ་བ་ཉེན་མེད་ཤེས་བྱ་ཁྱབ་གདལ་བཏང་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དྲྭ་ཐོག་གི་ཤེས་བྱ་འགྲན་སྡུར་དང་། རྒྱུན་རྣམ་ཅན་གྱི་དྲྭ་བ་ཉེན་མེད་སློབ་གསོ་སྤེལ་ནས་མི་སྒེར་གྱི་ཆ་འཕྲིན་ཉེན་མེད་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དྲ་བ་ཉེན་མེད་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།། 


གསར་འགོད་པ། དཔལ་བཟང་།

རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་སོགས་སུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:འབའ་ཐང་དབྱར་གནས་དུས་སྟོན་མི་འགྱང་བར་འགོ་འཛུགས་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།