2025-09-18
ཧྲེན་དབྱང་གིས་བརྟག་ཞིབ་གནང་སྐབས་ངར་ཤུགས་གཅིག་སྒྲིལ་དང་བྱེད་ཐབས་ཁ་སྣོན། ཤུགས་འདོན་འགག་སྒྲོལ་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས་པ་ནན་གསུང་གནང་། སྤྱི་ཟླ9པའི་ཚེས8ཉིན་ནས་ཚེས11ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལི་ཐང་རྫོང་དང་ཉག་ཆུ་རྫོང་། ཕྱག་ཕྲེང་རྫོང་སོགས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་ངར་ཤུགས་གཅིག་སྒྲིལ་དང་བྱེད་ཐབས་ཁ་སྣོན། ཤུགས་འདོན་འགག་སྒྲོལ། ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་མ་འཇོག་སྐུལ་འདེད། བརྟན་ལྷིང་འཕར་སྣོན་ཡོང་བར་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པ་རེད། ལོ་འཁོར་འདིར་ཟླ་བ་གསུམ་ལྷག་ལས་མེད་པས། ཧྲེན་དབྱང་གིས་ས་གནས་ཁག་གི་ལོ་འཁོར་གྱི་ལས་ཀ་དང་ལས་འགན་འཕེལ་རིམ་ཇི་འདྲ་ཡིན་པ་དང་གཏན་འཁེལ་བྱས་པའི་དམིགས་ཚད་ལེགས་གྲུབ་ཇི་འདྲ་བྱུང་བར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ས་གནས་ཅིག་ཏུ་སླེབས་སྐབས། ཧྲེན་དབྱང་གིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ནན་ཏན་གྱིས་གསན་པ་དང་། ལས་གཞི་གལ་ཆེན་གྱི་མ་འཇོག་འཛུགས་སྐྲུན་མྱུར་ཚད་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས། ས་གནས་དེ་གའི་བློ་མཐུན་དང་མཉམ་དུ་མ་དངུལ་འཇོག་གྲངས་བརྟན་པོ་དང་། སྔོན་དཔག་བརྟན་པོ། འཕར་སྣོན་བརྟན་པོ་བཅས་ཀྱི་བྱེད་ཐབས་ལ་ཞིབ་འཇུག་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་དམ་འཛིན་དང་མ་འཇོག་སྐུལ་སྤེལ་ལས་དོན་བཀོད་གཏོང་ཚོགས་འདུའི་སྙིང་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ལོ་ལྔའི་འཆར་འགོད་གཞི་བཅུ་བཞི་པའི་འཆར་འགོད་མཇུག་སྒྲིལ་དང་གཙོ་གནད་ལས་གཞི་འཛུགས་སྐྲུན། ལོ་ཧྲིལ་པོའི་ལས་འགན་སྐུལ་འདེད་བཅས་ལ་དོ་སྣང་བྱས་ཏེ། དུས་ཚིགས་གསུམ་པའི་ལས་སྒྲུབ་དུས་ཡུན་ལེགས་ཤོས་དམ་འཛིན་དང་། ཤུགས་ཡོད་རྒུས་ལས་སྒྲུབ་དུས་ཡུན་དང་མྱུར་ཚད་མགྱོགས་གཏོང་། དཔལ་འབྱོར་འབད་བརྩོན་དང་འཛུགས་སྐྲུན་བྱས་ཏེ། ལས་འགོ་མ་བརྩམ་པ་ལས་འགོ་རྩོམ་པ་དང་ལས་རིམ་དལ་བ་སྐྲུན་ཚད་མགྱོགས་སུ་གཏོང་བ། ཡུན་བརྒལ་ལེགས་གྲུབ་མ་བྱུང་བ་མགྱོགས་མྱུར་ལེགས་གྲུབ་ཡོང་བར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན། རིག་གནས་ཡུལ་སྐོར་དང་ཁྱད་ཆོས་ཞིང་འབྲོག། ནུས་རྒྱུ་གཙང་མ་བཅས་ཀྱི“དོན་ཆེན་གསུམ”ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་གསར་བསྒྱུར། དམངས་འཚོ་ལས་དོན། འཛད་སྤྱོད་རྒྱ་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ། དམིགས་སའི་རང་བཞིན་གྱི་ལས་གཞི་འཆར་འགོད་གསོག་འཇོག་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྒྲིག་འགོད་བྱས་ཏེ། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོ་བའི་ནུས་པ་རྒྱུན་ཆད་མེད་པར་གསོག་འཇོག། ཞབས་ཞུའི་འགན་སྲུང་ལས་དོན་ཧུར་ཐག་དང་རང་འགུལ་ངང་ལེགས་པར་བསྒྲུབས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་བ་དང་། སྤུས་ལེགས་མ་རྩ་འདྲེན་ཤུགས་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་དགོས། ཧྲེན་དབྱང་ཕྱག་ཕྲེང་རྫོང་སྒྲོ་མདོག་ཡུལ་ཤོག་རྒྱལ་ཁབ་གློག་ཤུགས་མ་འཇོག་ཁྲོན་གསར་སྤྱི་གཉེར་ཁང་སྒྲོ་མདོག་གནོན་འཕར་ས་ཚུགས་ལས་གཞི་འཛུགས་སྐྲུན་ཡུལ་དངོས་དང་། ནོར་གནག་གསོ་སྤེལ་རྟེན་གཞི། ཕྱུགས་རྩྭ་འདེབས་འཛུགས་རྟེན་གཞི་སོགས་སུ་བསྐྱོད་ནས་སྒྲོ་མདོག་འོད་ཤུགས་རྟེན་གཞི་འཛུགས་སྐྲུན་དང་འོད་ཤུགས+མཐོ་སྒང་ཁྱད་ཆོས་འབྲོག་ལས་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་གནང་བ་རེད། དཀར་མཛེས་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན་ཐེངས་བཅུ་པ་སླེབས་ཉེར་ཡོད་སྐབས། ཧྲེན་དབྱང་སྔ་རྗེས་སུ་ཉག་ཆུ་རྫོང་དགོན་སྡེ་ཁག་ཅིག་དང་། ཉག་ཆུ་རྫོང་ཧོར་ལུང་མཚོ་ཁོག་གྲོང་སྡེ་དང་པོ། ཆུ་ཁ་གྲོང་རྡལ་བཅས་སུ་བསྐྱོད་ནས་མཛའ་འབྲེལ་དགེ་འདུན་པ་ཚུལ་ཁྲིམས་དང་། བློ་བཟང་བསམ་འགྲུབ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་བསྐྱོད་པའི་མཛའ་འབྲེལ་དུད་ཚང་ཕ་ལང་དང་ཝུའུ་ཁྲང་རྨིན།ཝུའུ་ཡུང་ཁང་བཅས་ལ་སྐོར་རྒྱག་བྱས། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་བསྐྱེད་པའི་ལག་ལེན་བྱ་སྤྱོད་ཏན་ཏིག་སྤེལ་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་དགོས་པ་བསྟན། ཁུལ་མགོ་ཁྲོད་ཁྲེན་པོ་ཐའོ། ལི་ཐང་རྫོང་དང་ཉག་ཆུ་རྫོང་། ཕྱག་ཕྲེང་རྫོང་སོགས་ཏང་ཨུ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ལ་ཞུགས།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10