ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༦

སྐལ་ཐུབ་ཀྱིས་བསྒྱུར།        2023-12-14

   ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༦

     ལོ་ངོ་བརྒྱ་ཡི་རིང་། ཏང་གི་འགོ་ཁྲིད་འོག། རིག་རྩལ་ལས་སྒྲུབ་པ་རྒྱ་ཆེན་གྱིས་དུས་རབས་དང་གོམ་སྟབས་མཉམ་དུ་སྤོས་ཤིང་། མི་དམངས་དང་དབུགས་ལམ་གཅིག་གྱུར་དང་ལས་དབང་གཅིག་མཐུན། གཅིག་སེམས་གཅིག་སྦྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། མི་རིགས་ཀྱི་བསམ་པའི་དཔལ་འབར་མཐོན་པོར་བསྒྲེངས་པ་དང་། དུས་རབས་ཀྱི་མདུན་སྐྱོད་དུང་བརྡ་བཏང་ཞིང་། གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་བློ་བརྟན་འགྱུར་མེད་ངང་ཞུགས་པ་དང་། རིག་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པས་བཤུ་གཞོག་དང་གཉའ་གནོན་མྱོང་བའི་ངལ་རྩོལ་མང་ཚོགས་ལ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་བྱ་དགོས་པ་བསྐུལ་བ་དང་། ཡར་ལངས་ཟིན་པའི་ཀྲུང་གོའི་མི་དམངས་ལ་རང་སྟོབས་རང་སྤེལ་དང་འབད་འབུངས་སྟོབས་སྐྱེད་བྱ་དགོས་པ་བསྐུལ་བ། བསྒྱུར་བཅོས་སྒོ་འབྱེད་ཆེན་པོའི་ཁྲོད་ཀྱི་མི་དམངས་དུང་ཕྱུར་མང་པོར་བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱ་དགོས་པ་བསྐུལ་བ། དུས་རབས་གསར་པའི་ཀྲུང་གོ་མི་དམངས་ལ་རང་རྟོན་རང་བརྩོན་དང་གཞུང་བསྲངས་གསར་གཏོད་བྱ་དགོས་པ་བསྐུལ་ཏེ། མི་དམངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་སློང་བར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

     2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད། 



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་ནན་བསྟན་གནང་དོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།