ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཡོངས་སུ“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་ཚོགས་འདུར་གསུང་བཤད་གནང་།

        2023-12-05

ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཡོངས་སུ“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བཏང་སྟེ། གནས་འཕྲོད་ལས་འཚམ་གྱི་ཡུལ་སྡེ་ཞི་མཛེས་སྐྲུན་པའི་ལས་དོན་ལ་སྐུལ་བའི་ཚོགས་འདུར།

གནས་འཕྲོད་ལས་འཚམ་གྱི་ཡུལ་སྡེ་ཞི་མཛེས་སྐྲུན་པའི་ཁྲོད་དུ་“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སྤྱད་དེ་རང་རེའི་ཞིང་ཆེན་གྱི་ཞིང་ལས་ཁྱོན་ཡོངས་ནས་རིམ་པ་སྤར་བ་དང་། ཞིང་སྡེ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་བསྐུལ་དགོས་ཞེས་གསུངས།


སྤྱི་ཟླ11པའི་ཚེས28ཉིན་ལ། ཞིང་ཆེན་ཡོངས་ཀྱིས“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བཏང་སྟེ། གནས་འཕྲོད་ལས་འཚམ་གྱི་ཡུལ་སྡེ་ཞི་མཛེས་སྐྲུན་པའི་ལས་དོན་ལ་སྐུལ་བའི་ཚོགས་འདུ་འཚོགས་ནས“འདུ་འགོད་ཁྲི་སྟོང་”གི་སྐོར་གྱི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་རྒྱལ་ཡོངས་ཀྱི“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་པའི་འགངས་ཆེ་བའི་རང་བཞིན་དང་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་སྔོན་ཐོན་གྱི་ཉམས་མྱོང་དེ་གནས་འཕྲོད་ལས་འཚམ་གྱི་ཡུལ་སྡེ་ཞི་མཛེས་འཛུགས་སྐྲུན་ཁྲོད་བེད་སྤྱོད་ཏན་ཏིག་བྱས་ཏེ་རང་རེའི་ཞིང་ཆེན་གྱི་ཞིང་ལས་ཁྱོན་ཡོངས་ནས་རིམ་པ་སྤར་བ་དང་། ཞིང་སྡེ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་བསྐུལ་དགོས་ཞེས་གསུངས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་སྐབས“འདུ་འགོད་ཁྲི་སྟོང་”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ལས་ཀ་གནང་སྐབས་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག། སྐུ་ངོས་མས་སྐུལ་འདེད་བཅས་གནང་བའི་འདུ་འགོད་གལ་ཆེན་ཞིག་རེད། “འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་འགག་རྩ་ནི་དེའི་སྙིང་བཅུད་ཁོང་དུ་ཆུད་པ་བྱ་དགོས་པར་མ་ཟད། རང་རེའི་ཞིང་ཆེན་གྱི་ལག་ལེན་ཞིབ་ཕྲའི་ཁྲོད་ཁྱབ་ཐུབ་པ་བྱ་དགོས། སི་ཁྲོན་གྱི་གནས་འཕྲོད་ལས་འཚམ་གྱི་ཡུལ་སྡེ་ཞི་མཛེས་སྐྲུན་པར་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཐེངས་བཞི་པ། ཞིང་ཆེན་ཏང་ཨུའི་གྲོང་གསེབ་ལས་དོན་ཚོགས་འདུ་བཅས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་བྱས་ཏེ་དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཟུང་འབྲེལ་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་དམིགས་ཏེ་གཙོ་གནད་དམ་དུ་འཛིན་ཞིང་ཚད་བརྒལ་ཡོང་བ་བྱེད་པ་དང་དམིགས་ཚད་གཏན་འཁེལ་བྱ་རྒྱུར་དམ་པོར་དམིགས་ཏེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་ནུས་པ་ཆ་ཚང་དང་སྒྲིག་བཀོད་འཐུས་ཚང་། ཁྱད་ཆོས་ལྡན་པ་བཅས་ཀྱི་སི་ཁྲོན་དེང་རབས་ཅན་གྱི་གྲོང་གསེབ་ཅིག་མགྱོགས་མྱུར་གཏོད་དགོས། “འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་གནས་འཕྲོད་ལས་འཚམ་གྱི་ཡུལ་སྡེ་ཞི་མཛེས་སྐྲུན་པ་ནི་རྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ངེས་པར་དུ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་དང་དངོས་གཉེར་ལ་སྐུལ་འདེད་ནུས་ལྡན་གཏང་དགོས་ཞེས་གསུངས་པ་རེད།

ཚོགས་འདུ་དེ་ཡུལ་དངོས་སུ་རྟོག་ཞིབ་དང་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟུང་འབྲེལ་བྱེད་པའི་ཐོག་ནས་སྤེལ་བ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་པར་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།