ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༠

སྐལ་ཐུབ་ཀྱིས་བསྒྱུར།        2023-12-01

    ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༠

    ལོ100ཡི་རིང་མི་དམངས་དཔེ་སྐྲུན་ཁང་གིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་དང་། ཏང་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གསུང་རྩོམ་ཆུ་ཚད་མཐོན་པོ་འབོར་ཆེན་ཞིག་པར་དུ་བསྐྲུན་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱབ་སྒྲོག་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།  མི་དམངས་དཔེ་སྐྲུན་ཁང་གིས་གསར་བརྗེའི་ཁྲག་རྒྱུན་སྐྱོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་མཐའ་གཅིག་ཏུ་དམ་པོར་འབྲངས་ནས། མར་ཁེ་སི་རིང་ལུགས་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཤུགས་ཡོད་རྒུས་ཁྱབ་སྒྲོག་བྱེད་པ་དང་།  མི་དམངས་ལ་དཔེ་དེབ་ཡག་པོ་སྐྲུན་པའི་འདུ་ཤེས་མཐའ་གཅིག་ཏུ་རྒྱུན་འཁྱོངས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་མཚོན་ཤུགས་ཆེ་རུ་གཏོང་ཞིང་།  འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་མཐའ་གཅིག་ཏུ་རྒྱུན་འཁྱོངས་ཏེ། བསྒྱུར་བཅོས་གསར་གཏོད་མཐར་ཕྱིན་སྤེལ་བར་ཤུགས་རྒྱག་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་ཅིང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།


 2021ལོའི་ཟླ་བ10པའི་ཚེས26ཉིན་ལ་མི་དམངས་དཔེ་སྐྲུན་ཁང་བཙུགས་ནས་ལོ100འཁོར་བར་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༩
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།