ཚིག་པ་ཟ་སའི་ཁྱོད།

ཁྱབ་གདལ།        2023-12-01

སྙིང་རྗེ་དང་བརྩེ་བ་བྲལ་བའི་ཁྱོད།

གནས་ག་གེ་མོ་ཞིག་ནས་ཅི་ཞིག་གི་ཆེད་དུ།

ཉེས་མེེད་ཀྱི་ཁྲོམ་ཚོགས་ལ་ཁ་འཐོར་དང་

གདུང་ཡུས་སྦྱིན།

མི་སྐད་ལས་ཁྱོད་རང་ནར་མ་སོན་པའི་བྱིས་

པ་དང་རྒས་ཤིང་འཁོགས་པའི་རྒན་རྒོན་

དག་འཁྱུར་མིད་བྱེད་མཁན་ཞིག་ཏུ་བརྟགས།

འཇིག་རྟེན་གྱི་ཟུར་ཁ་ཞིག་ནས་ཁྱོད་རང་ཡ་

མེད་པའི་དཔའ་རྒོད་ཅིག་ཏུ་མཐོང་དུས་གོ་

དུས། ངས་ཀྱང་གནས་འདི་ནས་འཐབ་ར་

དང་གཡུལ་བཤམས་མྱོང་།

རིམ་བཞིན་མི་ཚོགས་ཀྱི་འཇིགས་པ་དང་ཞེད་

སྣང་ཡང་ཁྱོད་ཀྱིས་འཁྱུར་མིད་བཏང་ཟིན།

ཅི་ཞིག་ཐོབ་སོང་བའམ་ཅི་ཞིག་རྙེད་སོང་བ་

ལྟ་བུའི་ཁྱུ་ཚོགས་དེས།

ལམ་འགྲམ་ཀུན་ཏུ་སྣང་མེད་དང་ཚོར་མེད་

ཀྱིས་འཚོ་བ་རོལ།

བསམ་མེད་དྲན་མེད་ཀྱིས་འདུར་རྒྱུགས་རྒོད།

ག་དུས་ཙམ་ན་སྐད་ཅོར་དང་སྔངས་སྐྲག་གིས་

སད་ཅིང་།

སྡེ་བ་དང་ཚོ་བ། གཉེན་དང་ཕ་མ། ཐ་ན་རང་

ལ་ཡང་ཡིད་མི་ཆེས་པའི་ཚད་དུ་སླེབས།

རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཡང་མི་ཤེས་

པའི་ཚད་དུ་སླེབས།

གོ་ཐོས་ལྟར་ན། གནས་འདི་ནས་ཀྱང་གཡུལ་

ཐབས་ཤིག་བཤམ་རྒྱུར་བསྒྲགས་གཏམ་སྤེལ་

ཡོད་འདུག

གང་ལྟར། ཤི་མིག་གསོན་ལ་རེ་བ་ལྟར་ཨམ་

བཙིགས་དང་སྤོབས་པས་འགོག་རྒོལ་

བྱེད། འགོག་རྒོལ་བྱེད་འོས།



  • ལེ་ཚན་སྔོན་མ།:གཡུ་ཆུང་དྲུག་དཀར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།