སེམས་ཀྱི་ཚོར་རྟོག།

ཁམས་འོད་གསལ།        2023-11-29

འཆར་ཡན་རྒྱང་དུ་ཕྱོགས་པ་ཉིན་དེའི་རྗེས། །

རྨི་ལམ་སྔར་བཞིན་གཙང་བ་ཞེ་རུ་གསལ། །

མཚན་མོའི་དུས་ཀྱི་ན་ཚོད་རིམ་གྱིས་བརྒལ། །

འཚོ་བའི་ཕྱི་ནང་གཉིས་སུ་མཛེས་པ་ཞིག །

ལས་ཀྱི་འགྲོས་སུ་ཞུགས་པ་ཁྱེད་ཀྱིས་ཤེས། །

རྟོག་པའི་གཞུང་དུ་ཉར་བ་ལས་སྐལ་ཡིན། །

དུས་ཀྱི་སྟངས་ཀ་ནང་དུ་སེམས་ཚོར་ཀུན། །

རྣམ་ཤེས་ཉུལ་བའི་མཐའ་རུ་གླེང་གཞི་འདི། །

མ་བཅོས་རང་བཞིན་གཙང་བ་ང་ཡིས་ཚོར། །

ཚོར་བའི་གཏིང་རུམ་དེ་ལས་ཡིད་འོང་ཞིག །

མ་བསམ་དྲན་པ་ནང་ནས་མཇལ་བ་ཚོགས། །

ལས་དང་འདྲིས་པའི་དུས་སུ་ཤིན་ཏུ་མཛེས། །

ཕྱི་རོལ་འཆར་ཡན་རྒོད་པའི་ནམ་ཟླ་ལས། །

ནང་སེམས་བག་ཡོད་ཚུལ་དུ་སྣང་བ་ཆགས། །

བརྩེ་བའི་གྲིམ་ལྷོད་ནང་གི་ལན་ཆགས་ཤིག །

སེམས་དང་སེམས་སུ་ལྡིང་བ་ཅི་ཞིག་སྟེ། །

འཕྲུལ་རྟོག་ཟད་པའི་དུས་ལས་རྟོག་པ་ནི། །

ཡང་དག་བཀོད་པའི་འོག་ཏུ་སླར་ཡང་འཁོར། །

ཞེ་འཁྲེན་ཀློང་གི་མིག་ཟུང་ཡང་ཡང་སྐོར། །

གནམ་གྱི་སྐར་མའི་གན་དུ་སྣང་བ་འདར། །

སྣང་བ་ཟུར་གསུམ་དེས་ཀྱང་ཚོར་བ་ཞིག །

གཏན་དུ་འབྲལ་བའི་ངང་ཚུལ་མ་བསྟན་ནས། །

རྨི་ལམ་སྟོང་པ་ཇི་བཞིན་ཡུན་རིང་རྨིས། །

བསམ་པའི་མེ་ཏོག་ཞིག་ཀྱང་ངང་དུ་བཞད། །

ལན་ཆགས་བརྒྱ་དང་སྟོང་ལས་ཚོར་བ་སྟུག །

བསམ་པའི་གཏིང་དུ་རྡོལ་བ་སྨྲེང་ཞེན་ལས། །

རིང་དུ་བཀྱེད་པའི་དུས་ནས་ནང་སེམས་སུ། །

སྔར་ལས་ཡག་ཅིང་གཙང་བའི་འཆར་སྒོ་འདི། །

བསིལ་བའི་ཚུལ་དུ་ཉེར་ནས་བློ་ཡིས་མྱོང་། །

གཟོད་ཀྱི་ཚོར་རྟོག་ཀློང་ནས་ན་ཚོད་རྫོགས། །



  • ལེ་ཚན་སྔོན་མ།:སྤྲོས་པའི་གར།
  • ལེ་ཚན་རྗེས་མ།:ཁམས་པའི་ཕོ་རྒོད།