ཁམས་པའི་ཕོ་རྒོད།

ཆོས་འབྱོར་རྒྱ་མཚོ།        2023-11-29

ཁམས་ཕྱོགས་སུ།

རྫ་རྒོད་དང་མི་རྒོད།

རང་བྱུང་ངང་ལྷན་གཅིག་ཏུ་སྐྱེས་ཤིང་།

ཙོག་པུར་འགྱིངས་བའི་རི་བོ་དེའི་གཡས་གཡོན་གྱི་འབྲོང་།

རྒྱུགས་ཤུལ་ན།

དུས་རླུང་ངན་པ་དེ་ལྡང་ཤུལ་ན།

ཉག་ཁ་གན་ཉག་ཁ་ཙམ་ཞིག་རེད།

ཡིན་ནའང་། ལོ་རྒྱུས་དང་མི་ཡིས་གླེང་ན།

ཡུན་རིང་ལ་མ་འགུལ་བར་བཞུགས་པའི་ནགས་ཚལ་སྟུག་

པོ་དེའི་སྟག་མཆོངས་ཤུལ་ན།

དུས་ཀྱི་ནམ་མཁའི་མདངས་ཤོར་ཤུལ་ན།

བྲག་རི་མིན་པའི་མི་ཞིག།

བྲག་རི་ཇི་བཞིན་བརྟན་པོར་བསྡད་དེ།

ཁོང་གི་གདོང་ལ་ཁངས་ཆར་དང་ཡིད་ཆད་མང་པོ་ཞིག།

དུས་ཡུན་རིང་པོ་ཞིག་ལ་སྤེལ་མར་བྱུང་རུང་།

གངས་རིའི་རི་འདབས་ན་ཅི་ཡང་མ་བྱུང་བ་ཇི་བཞིན།

གནམ་སའི་འོག་ནས་ཡུན་རིང་ལ་འགྱིངས་མཁན་དེ་དག།

གནམ་ས་གཉིས་ན་འགྲན་མི་བཟོད་པའི་གངས་སེང་ལྟ་བུ་དེ།

ཁམས་ཀྱི་ཕོ་རྒོད་ཚོ་རེད་ཨང་།

གནའ་བོའི་དུས།

བན་དེས་གནམ་སའི་བ་དན་འཛིན་དུས།

ཁམས་པའི་ཕོ་རྒོད་ཀྱིས་ཕྲེང་བའི་ནང་དུ།

དྲི་མེད་དག་གཙང་གི་མ་ཎི་དང་དགེ་བ་མང་པོ་རུག་ལ།

དེ་དུས།

ཁམས་པའི་ཕོ་རྒོད་ཚོའི་ལག་ནང་དུ་ཡོད་པའི་རྡོ་བ་མང་ཤོས།

གཟུང་སྔགས་སྣ་ཚོགས་དང་མ་ཎིའི་གྲུབ་པའི་རྡོ་བ་ཞིག་ཡིན་ལ།

མི་རབས་མང་པོའི་ཞོགས་པ་རེ་རེའི་འོད་ཟེར་ནང་ན།

ཁམས་པའི་བྱིས་པ་དག་གིས་ཨ་མ་དང་མ་ཎི་དབྱངས་སུ་

བརྐོས་ཤིང་།

སྐྲ་ལོའི་གཟེབ་ཏུ་ཆར་ཆུ་ལྷུང་བའི་འབྲོག་མོ།

གཙུག་གཡུ་ཅན་གྱི་འོ་ཟོམ་གྱི་ནང་དུ།

དཀར་གཙང་གི་འབྲི་འོའི་བདུད་རྩི་འཁྱིལ་ཞིང་།

རི་རྩེའི་བསང་དུད་ཀྱི་དབུས་ན།

གོ་ཁྲབ་གྱོན་པའི་དཔའ་བོ་སུམ་ཅུའི་དཔའ་རྩལ་རྦབ་

རླབས་བཞིན་དུ་འཕྱོ་དུས།

ཁམས་པ་བ་ནི།

རྨི་ལམ་གྱི་སྣང་བརྙན་ལ་གྲུབ་པའི་སྟག་རྒོད་

གདོང་དམར་ཞིག།

གནའ་བོའི་དུས།

ཁམས་པའི་ཕོ་རྒོད་ཀྱི་རལ་གྲིའི་རྩེ་རུ།

ས་ཆུ་དང་རྩྭ་ཡི་ཡངས་དོག་བཤད་ཞོར།

རལ་གྲིའི་རྩེ་མོའི་ཆགས་སྡང་བསྡར་ནས།

ཁམས་པའི་ཕོ་རྒོད་ཇག་པ་བྱས་ཤིང་།

བདག་མི་ཐུབ་པའི་རི་འགོ་ཞིག་ལ།

སྙིང་སྟོབས་ཀྱིས་ལྕགས་དྲྭ་གསར་བ་འཐེན་ལ།

ལྕགས་དྲ་དེའི་རང་ཉིད་ཡུན་རིང་ལ་སྲུང་ཞིང་།

ཕྱིས་སུ།

ལྷ་མཆོག་ཅིག་གི་སྙིང་ལས་ལྷུང་བའི་མེ་ཏོག་དཀར་པོ།

གདོང་དམར་པ་ཚོ་ཡིན་པ་ཐོས་རྗེས།

གློ་བུར་དུ་ཁམས་པའི་ཕོ་རྒོད་དག་གིས།

ཡུན་རིང་ཉར་ཚགས་བྱས་པའི་གནམ་ས་བདག་མེད་བྱས།

ཨ་ཙི་ཙི།

ཁམས་པའི་ཕོ་རྒོད་རྒྱལ་ཁམས་མ་འགྲིམས་རུང་།

མི་རིགས་ཤིག་གིས།

ཁམས་པའི་ཕོ་རྒོད་རྒོད་པོ་བཞིན།

ནམ་མཁའ། ཁམས་པའི་ཕོ་རྒོད་ཀྱི་སྡོད་ཁང་བྱས་ཤིང་།

སྙན་ངག་གི་ནང་དུ་གྲག་ཏུ་བཅུག་བྱུང་།


  • ལེ་ཚན་སྔོན་མ།:སེམས་ཀྱི་ཚོར་རྟོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།