འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།

    གངས་ལྗོངས་ཉི་གཞོན།    2023-11-28

འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།

    སྤྱི་ཟླ༡༡པའི་ཚེས༢༡ཉིན། སྐབས་སོ་གཉིས་པ་དང་སྐབས་སོ་གསུམ་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས་བཅུ་བདུན་པའི་ཁྲང་ཅང་ཐའོ་ཧྥུན་བྱ་དགའ་སྤྲོད་པའི་སྙན་ཞུ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་བྱ་དགའ་ཐོབ་མཁན་འཐུས་ཚབ་ལ་མཇལ་འཕྲད་གནང་།
འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་ལ་སྐབས་བཅུ་བདུན་པའི་ཁྲང་ཅང་ཐའོ་ཧྥུན་བྱ་དགའ་ཐོབ་པ་རེད།
འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
     ཁྲང་ཅང་ཐའོ་ཧྥུན་བྱ་དགའ་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱུན་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གསར་འགྱུར་ལས་དོན་པའི་བྱ་དགའ་ཆེ་ཤོས་དེ་ཡིན་ཞིང་། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་དང་དཔྱད་འདེམས་བྱེད་བཞིན་ཡོད་པ་དང་། གསར་འགྱུར་འཕྲིན་སྦྱོར་ལས་རིགས་ཀྱི་ལས་ཞུགས་མི་སྣར་སྤྲོད་པའི་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་ཆེ་ཤོས་ཡིན།
འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
     འཆི་མེད་དབང་མོས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་མི་དམངས་ལྟེ་བར་འཛིན་ནས་གསར་གཏོད་ཁྲིད་སྟོན་བྱས་ཏེ། ལོ་རྟག་པར་གཞི་རིམ་དང་མཐོ་སྒང་དུ་ལེ་ཚན་ཕབ་སྐྲུན་དུ་འགྲོ་བཞིན་ཡོད་ཅིང་། མོ་རང་གིས་གཙོ་འགན་ཁུར་བའི་ལེ་ཚན་སྲོལ་རྒྱུན་ལག་རྩལ་དར་བའི་སྨན་ཤོད་པ་དང་ང་རང་མཐོ་སྒང་ནས་ཡོང་བ་ཡིན། གངས་ལྗོངས་བརྙན་རིས། འཆི་མེད་ཀྱི་གྲོགས་པོ་སོགས་ལེ་ཚན་མང་པོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་ལ། རྒྱ་ཆེའི་གཟིགས་མཁན་རྣམས་ཀྱིས་ཀྱང་མོའི་ལེ་ཚན་ལ་གདེང་འཇོག་ཚད་མཐོ་གནང་བཞིན་ཡོད།།
འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།


  • ལེ་ཚན་སྔོན་མ།:ཟླ12ཚེས1ཉིན་ནས་གཡག་མདོ་མྱུར་ལམ་དུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།