ཧྥུང་ཧྥ་ཀུའེ་ཡིས་ཁུལ་གཏོགས་གཞུང་དབང་ཁེ་ལས་བཅོས་བསྒྱུར་གྱི་བཞུགས་མོལ་ཚོགས་འདུ་ལ་འགན་འཁྲི་ཁུར་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་དབང་ཁེ་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ཞེས་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2023-11-27

སྤྱི་ཟླ11པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་གཏོགས་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཁུལ་གཏོགས་རྒྱལ་དབང་ཁེ་ལས་འཕེལ་རྒྱས་བཏང་ཚུལ་དང་ཕྱིན་ཆད་འཆར་གཞིར་ཉན་འཇོག་བྱས་པ་དང་། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ནས་ཁུལ་གཏོགས་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་རང་ཉིད་ཀྱི་ལེགས་ཆར་དམིགས་ཤིང་། དམངས་འཚོའི་དགོས་མཁོར་བསྟུན་པ། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་དབང་ཁེ་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་དུས་ཡུན་རིང་པོའི་ནང་ཁུལ་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་དཀར་མཛེས་ཁུལ་གྱི་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཁྲོད་འགན་འཁྲི་འཁུར་ནས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ནུས་པ་གལ་ཆེན་འདོན་པ། དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་བར་ཁས་ལེན་བྱེད་འོས་པ་ཞིག་ཡོད་མོད། འོན་ཀྱང་ཐག་གཅོད་བྱ་དགོས་པའི་གནད་དོན་མང་པོ་སྔར་བཞིན་ཡོད་པས། གཅིག་ནས་བློ་བརྟན་འགྱུར་མེད་ཀྱི་བཅོས་བསྒྱུར་གྱི་ལམ་བུར་བསྐྱོད་དགོས་པ་དང་། གཉིས་ནས་དམིགས་འབེན་ཆེན་པོ་གཉིས་ལ་དམ་པོ་དམིགས་དགོས། གསུམ་ནས་གནད་དོན་བཞི(བཅོས་སྒྱུར་དང་འཕེལ་རྒྱས། ཤེས་ལྡན་མི་སྣ། སྒྲིག་ལམ།)ཐག་གཅོད་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་སྐྲུན་བཞིན་པའི་གློག་འཕྲུལ་ཤོང་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་ཐུབ་ཡོད།
  • ལེ་ཚན་རྗེས་མ།: དར་མདོ་གྲོང་ཁྱེར་གྱི་ཡུལ་གྲོང་ཁག་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།