ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།

    དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་།    2023-11-16

   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་དོན་སློབ་གསོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་གནང་བའི་གསུང་བཤད་གལ་ཆེན་ལྟར། བོད་ཡིག་དཔེ་རྙིང་ཡིག་ཚང་ཚད་ལྡན་ཡོངས་བཤེར་སྲུང་སྐྱོང་ལས་དོན་ལ་ཤུགས་བསྣན་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་བརྗེ་བསྒྱུར་སྐུལ་འདེད་མུ་མཐུད་དུ་བཏང་ནས། མགོ་ཁྲིད་དང་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་བཞིའི་འབྲེལ་ཡོད་བླང་བྱ་ལྟར། སྤྱི་ཟླ11པའི་ཚེས9ནས་ཚེས11ཉིན་བར། ཀྲུང་གུང་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་འཛིན། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་དག་སྣེ་ཁྲིད་ནས་སྔ་རྗེས་སུ་རྟའུ་རྫོང་བསམ་འགྲུབ་དགོན། ཆུ་མིག་དགོན། གདུགས་དཀར་དགོན། དཀར་ཆོས་དགོན། དགུ་རྫ་དགོན། ར་ལི་སྨོན་འདུན་དགོན། ཀ་བཞི་ཆགས་དགོན། འདྲ་པ་མ་རྒྱུད་རིག་གནས་དམངས་སྲོལ་བཤམས་སྟོན་ཁང་། བསམ་གཏན་ལྗོངས་རིག་གནས་ལས་སྒྲུབ་ཁང་། དར་མདོ་གྲོང་ཁྱེར་སྐྱིད་ལེགས་དགོན། སྐྱ་གད་གྲོང་རྡལ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཨ་བརྒྱ་སྟོད་པའི་ལྷ་ཁང་སོགས་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།
རྟའུ་རྫོང་གདུགས་དཀར་དགོན་པར་རྟོག་ཞིབ་ཏུ་སྐྱོད་པའི་ཡུལ་དངོས།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།
གདུགས་དཀར་དགོན་དུ་ས་གནས་ཀྱི་ཆེད་མཁས་པ་ཚུལ་ཁྲིམས་དང་བགྲོ་གླེང་བྱེད་བཞིན་པའི་ཚུལ།


     ལས་དོན་ཚོ་ཆུང་གིས་རྟའུ་རྫོང་ལྕགས་ཀོང་ཡུལ་ཤོག་ར་ལི་སྨོན་འདུན་དགོན་དུ་བོད་ཡིག་དཔེ་རྙིང་ཡོངས་བཤེར་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་བྱེད་སྐབས། དགོན་པ་དེ་ལ་དཔེ་རྙིང་ཉར་ཚགས་དང་དོ་དམ་གྱི་ཆ་རྐྱེན་ཞན་པ་དང་། ལོ་རྒྱུས་ཀྱི་འཕོ་འགྱུར་སོགས་རྐྱེན་མང་པོས་དཔེ་རྙིང་ཡིག་ཚང་གི་པོ་ཏི་འགའ་རུལ་བ་དང་འབུས་ཟོས་པའི་གནས་ཚུལ་མིག་ལམ་དུ་མཐོང་དུས། དཔེ་རྙིང་སྲུང་སྐྱོང་ལ་དུས་ཚོད་སྐར་ཆ་ཙམ་ཡང་འཐུས་ཤོར་མི་རུང་བ་ཉམས་པ་སླར་གསོའི་ལས་ལ་འབད་དགོས་པའི་ཚོར་སྣང་ཆེན་པོ་སྤྲད་པ་རེད།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།

རྟའུ་རྫོང་ལྕགས་སྐུང་ཡུལ་ཤོག་ར་ལི་སྨོན་འདུན་དགོན་པའི་དཔེ་རྙིང་ལ་ཉམས་སྐྱོན་ཚབས་ཆེན་ཕོག་ཚུལ།

     ལས་དོན་ཚོ་ཆུང་གིས་སྡེ་ཚན་གྱི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་རྟའུ་རྫོང་འདྲ་པ་ས་ཁུལ་གྱི་ལམ་གསར། ཟམ་པ། ཕུག་ལམ་གྱི་མིང་གསར་དང་། བོད་ཡིག་གི་འགྱུར་གྱི་གནས་ཚུལ་ལྟ་སྐུལ་རྟོག་ཞིབ་བྱེད་དུས། གཙོ་གཉེར་སྡེ་ཁག་གིས་མཐའ་འཁོར་གྱི་རིག་གནས་ལོ་རྒྱུས་དང་དེ་བཞིན་ས་གནས་མཚོན་རྟགས་དག་ལ་ཟུང་འབྲེལ་མ་བྱས་པ་མིང་གང་མོས་བཏགས་པ་དང་གང་མོས་ཀྱིས་བཅོས་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་བས། དེ་ལ་ཕྱོགས་བསྡུས་དཔྱད་དཔོག་རྩ་འཛུགས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་། རིགས་གཅིག་མཁས་པའི་བསམ་འཆར་བསྡུ་ལེན་བྱས་ཏེ་བློ་གྲོས་གཅིག་སྡུད་དང་། ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱས་ནས། ས་མིང་འདོགས་ལུགས་དང་ཡིག་བསྒྱུར་སོགས་ཚད་ལྡན་རང་བཞིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བསམ་འཆར་སྟོན་པ་རེད།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།
དར་མདོ་གྲོང་ཁྱེར་སྐྱིད་ལེགས་དགོན་དུ་བོད་ཡིག་དཔེ་རྙིང་ལ་རྟོག་ཞིབ་བྱེད་ཚུལ།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།
དར་མདོ་གྲོང་ཁྱེར་ཨ་བརྒྱ་སྟོད་ལྷ་ཁང་དུ་བོད་ཡིག་དཔེ་རྙིང་ལ་རྟོག་ཞིབ་བྱེད་ཚུལ།

    ལས་དོན་ཚོ་ཆུང་གི་མགོ་གཙོ་འཇིགས་མེད་རྡོ་རྗེས་ད་ཐེངས་ཀྱི་རྟོག་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་ཏེ། གནས་དུས་ངེས་མེད་དུ་བོད་ཡིག་དཔེ་རྙིང་ཡོངས་བཤེར་བྱ་རྒྱུ་ནི་ཁྱིམ་གྱི་གནས་ཚུལ་མཐིལ་རྟོགས་བྱེད་པའི་སྔོན་འགྲོ་ཡིན་པས། ཡོངས་བཤེར་བྱེད་ཞོར་དུ་སྲུང་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ནས། བོད་ཡིག་དཔེ་རྙིང་ཡོངས་བཤེར་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས་པ་དང་། བོད་ཡིག་དཔེ་རྙིང་ཡོངས་བཤེར་དང་འབྲེལ་བའི་སྲིད་ཇུས་འཆར་གཞི་དྲིལ་བསྒྲགས་ཐེངས་མང་བྱས་པས་མ་ཚད་བོད་ཡིག་དཔེ་རྙིང་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་གལ་ཆེ་བའི་གྲུབ་ཆ་དང་། ཀྲུང་ཧྭའི་རིག་གནས་ཀྱི་བརྒྱུད་འཛིན། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་གལ་ཆེན་ཡིན་ཚུལ་གྱི་གཏམ་བཤད་བྱས།

ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།

དགུ་རྫ་དགོན་དུ་རྟོག་ཞིབ་ཀྱི་ཡུལ་དངོས།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཉག་རོང་རྫོང་གི་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།