བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།

ཡ་མ་བསོད་ནམས་དང་ལོ་ཤུལ་བཀྲ་ནོར་གྱིས།        2023-11-14

    བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།
བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།

    སྤྱི་ཟླ11པའི་ཚེས8ཉིན། བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་ཏྲེ་ཧོར་གནའ་བྲོ་འགྲན་སྡུར་གྱི་བྱེད་སྒོ་སྐབས་བརྒྱད་པ་སྤེལ། 

     ཏྲེ་ཧོར་གནའ་བྲོ་ནི་ཁམས་ཏྲེ་ཧོར་གྱི་འཚོ་བའི་ཁྲོད་ནས་དར་འཕེལ་བྱུང་བའི་གླུ་བྲོ་མཉམ་འདུས་ཀྱི་སྒྱུ་རྩལ་རིག་གནས་ཤིག་ཡིན་ལ། ཡུལ་དེ་གའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། བྲོ་ཚིག་དང་བྲོའི་ཉམས་འགྱུར་སྣ་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན།

  བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།

   དེས་ན་ཕྱི་རབས་པ་ཚོས་ཡབ་མེས་གོང་མ་ནས་བརྒྱུད་པའི་བླ་མེད་ཀྱི་མཛད་རྗེས་དང་དམངས་སྲོལ་གླུ་གར་རིག་གནས་འདི་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་དམིགས་ཡུལ་བཟུང་ནས་རང་སློབ་གྲྭའི་སློབ་གཙོ་དང་སློབ་མ་ཁང་གི་དགེ་རྒན་བསོད་ནམས་དབང་རྒྱལ་དང་ཟླ་དབྱངས་སོགས་གཙོར་བྱས་ཏེ་སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་རྒྱབ་སྐྱོར་འོག་ཏུ་གནའ་བྲོ་འགྲན་སྡུར་གྱི་བྱེད་སྒོ་འདི་སྤེལ་བ་རེད།

 བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།

     ཐེངས་འདིར་ཁམས་བྲག་མགོ་ཏྲེ་ཧོར་གནའ་བྲོའི་བརྒྱུད་འཛིན་པ་དགེ་རྒན་རིག་དགའ་དང་བློ་བཟང་ལས་ཅན། ཀླུ་གཡང་སོགས་ཆེད་དུ་དཔྱད་འདེམས་པར་གདན་ཞུ་བྱས་ནས་དཔྱད་འདེམས་བྱས་པ་དང་། སློབ་གྲྭའི་འཛིན་གྲྭ་བཅུ་བདུན་པོའི་སློབ་མ་ཚང་མ་འགྲན་སྡུར་ལ་ཞུགས་ཤིང་ལོ་རིམ་རེ་ལས་ཨང་དང་པོ་གཅིག་རེ་བདམས་ཏེ་བྱ་དགའ་སྟེར། བྲག་མགོ་རྫོང་སློབ་གསོ་ཁང་ལུས་རྩལ་ཅུས་འགན་བཏགས་ཅུས་ཀྲང་གཞོན་པ་ཏུང་ཡ་ཝེ་ཡིས་ཐེངས་འདིའི་བྱེད་སྒོར་ཕྱོགས་སྡོམ་བྱས་ཤིང་བསྟོད་ཚིག་གི་མེ་ཏོག་རབ་ཏུ་གཏོར།

 བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།
བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་གནའ་བྲོ་འགྲན་སྡུར་སྤེལ།
 

     གཞུག་ནས་དཔྱད་འདེམས་དགེ་རྒན་རྣམ་པས་མགོ་ཁྲིད་དེ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གནའ་བྲོའི་བཀྲ་ཤིས་མཉམ་འཁྲབ་བྱས་ནས་མཇུག་སྒྲིལ་ལོ།།


  • ལེ་ཚན་སྔོན་མ།:རེ་བས་ཕྱུག་པའི་འཚོ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།