འདབ་པ་རྫོང“གནམ་རིག་དང་མིའི་རིག་མཉམ་འབྲེལ་འགྲེམས་ཁང་”སྐྲུན་འགོ་ཚུགས་པ།

ལྷ་འཛོམས་ཀྱིས་བསྒྱུར།        2023-11-13

ཕན་རོགས་གནའ་ཤུལ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དུས་མཚུངས་སུ་སྐུལ་སྤེལ་གཏོང་བ།

འདབ་པ་རྫོང“གནམ་རིག་དང་མིའི་རིག་མཉམ་འབྲེལ་འགྲེམས་ཁང་”སྐྲུན་འགོ་ཚུགས་པ།

སྤྱི་ཟླ11པའི་ཚེས3ཉིན།འདབ་པ་རྫོང་གི་ས་བབ་མཐོ་བའི་གནམ་རིག་ཚན་རིག་གླིང་གི“གནམ་རིག་དང་མིའི་རིག་མཉམ་འབྲེལ་འགྲེམས་ཁང”དང་འདབ་པ་རྫོང་མཚོ་བོད་མཐོ་སྒང་གི་ཕན་རོགས་གནའ་ཤུལ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ་རེད།

“གནམ་རིག་དང་མིའི་རིག་མཉམ་འབྲེལ་འགྲེམས་ཁང”གི་རྣམ་གྲངས་དེ་འདབ་པ་རྫོང་སྐར་ཐང་གྲོང་རྡལ་དུ་ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་མ11158.87ཟིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར1.2བཏང་ཡོད། གནམ་རིག་སྐར་མ་ལྟ་སའི་རྟེན་གཞི་དང་གནམ་རིག་སྐར་མའི་ཚན་རིག་ཁྱབ་བརྡལ་ཁང་། གནམ་རིག་སྐར་མ་ལྟ་སའི་རྟེན་གཞིའི་ཞིབ་འཇུག་སློབ་སྦྱོང་ཉམས་ལེན་ལྟེ་གནས། གནམ་དཔྱད་སྐར་མ་ལྟ་སའི་རྟེན་གཞིའི་རིག་གཞུང་སྤེལ་རེས་ལྟེ་གནས། གནམ་དཔྱད་སྐར་མ་ལྟ་སའི་རྟེན་གཞིའི་སྤྱི་པའི་ཞབས་ཞུ་ལྟེ་གནས་བཅས་ལས་གྲུབ་པ་ཞིག་ཡིན་ཞིང་། སྔོན་དཔག་བྱས་ན་སང་ལོའི་སྤྱི་ཟླ12པའི་ཟླ་མཇུག་སྔོན་ལ་བསྐྲུན་ཚར་རྒྱུ་རེད།

གནམ་རིག་ལྟ་དཔྱད་ཚད་ལེན་གྱི་ཆ་རྐྱེན་ལེགས་པའི་དབང་གིས་འདབ་པ་རྫོང་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འདུས་འཛོམས་ཀྱི་ས་ཆ་ཞིག་ཡིན་ཞིང་། “གནམ་རིག་དང་མིའི་རིག་མཉམ་འབྲེལ་འགྲེམས་ཁང”གི་རྣམ་གྲངས་བསྐྲུན་རྗེས་རྒྱལ་ཁབ་རིམ་པའི་གཙོ་གནད་གནམ་དཔྱད་རྣམ་གྲངས་ལ་ཐོབ་པའི་ལྟ་ཞིབ་ཚད་ལེན་གྲུབ་འབྲས་རྨང་གཞིར་བྱས་ནས་སྐར་མར་ལྟ་བ་དང་། ཚན་རིག་ཁྱབ་གདལ། ཞིབ་འཇུག་སློབ་སྦྱོང་། རིག་གཞུང་སྤེལ་རེས་སོགས་ཀྱི་ནང་དོན་ཚུད་ཡོད། འདབ་པ་རྫོང་གི་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་བཏོད་པ་དེས་འདབ་པ་རྫོང་ལ“གནམ་རིག་དང་མིའི་རིག་དང་སྐྱེ་ཁམས་བཅས་ཟུང་དུ་འབྲེལ་བའི”ཡུལ་སྐོར་བྱ་ཡུལ་ལ་ནུས་པ་ཆེན་པོ་ཐོན་རྒྱུ་རེད།

མཚོ་བོད་མཐོ་སྒང་ཕན་རོགས་གནའ་ཤུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དེ་འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་ཕན་རོགས་གྲོང་ཚོར་གནས་པ་དང་ཁྱོན་མ་དངུལ་སྒོར་ཁྲི4780བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ5710.05ཟིན་པ་རེད། སྔོན་དཔག་བྱས་ན་སང་ལོའི་སྤྱི་ཟླ11པར་བསྐྲུན་ཟིན་རྒྱུ་རེད། རྣམ་གྲངས་དེ་ནི་ཡུལ་སྐོར་ལྟ་སྐོར་དང་།སློབ་ཁྲིད་ཞིབ་འཇུག། རིག་གནས་སྤེལ་རེས། གནའ་རྫས་རྟོག་ཞིབ་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སྐྲུན་དངོས་ཤིག་རེད།།




  • ལེ་ཚན་སྔོན་མ།:ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:རེ་བས་ཕྱུག་པའི་འཚོ་བ།
  • དོ་སྣང་ཆེ་བའི་རྩོམ།