ཧྥུང་ཧྥ་ཀུའེ་ཡིས་གནས་ཆེན་གངས་དཀར་རི་ཀླུང་མིའི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་དུ་ཆེད་དོན་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-11-08

ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་གཙོ་དོན་སློབ་གསོ་བཀོད་སྒྲིག་དང་ཏ་ཤིང་གི་བརྟག་དཔྱད་ཞིབ་འཇུག།དེ་བཞིན“གཞི་རིམ་དུ་སྤེལ་བ་བཞི”ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་སྤྱི་ཟླ11པའི་ཚེས1ནས3ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་བརྟག་ཞིབ་ཚོ་ཆུང་སྣེ་ཁྲིད་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གནས་ཆེན་གངས་དཀར་རི་ཀླུང་མིའི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་བསྐྲུན་པའི་ཞིབ་འཇུག》བྱ་གཞིར་དམིགས་ནས་དར་མདོ་དང་བརྒྱད་ཟིལ། དུང་དཀར་ལུང་པ་བཅས་སུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིནཕིང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱག་རི་ཀླུང་ཡང་གསེར་རི་དངུལ་རི་ཡིན་པ”ཡི་འདུ་ཤེས་བརྟན་པོ་བཅང་པ་དང་། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚུགས་གནས་ལ་གཞི་ཚུགས་པ་དང་ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པར་དམིགས་པ། སྲུང་སྐྱོབ་ཆེ་ཤོས་དང་ཐེ་གཏོགས་ཆུང་ཤོས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། རང་བྱུང་ཁམས་དང་མཉམ་དུ་འདྲེས་ནས་གནས་ཆེན་གངས་དཀར་གྱི་སྐྱེ་ཁམས་ངོ་མའི་མཛེས་སྡུག་ཡོངས་སུ་མངོན་པར་བྱེད་པ། གནས་ཆེན་གངས་དཀར་རི་ཀླུང་མིའི་རིག་ཡུལ་སྐོར་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་གསུངས།

བརྟག་ཞིབ་ཚོ་ཆུང་དང་བཅས་པསS569ཡི་སྐྱ་གད་ནས་གངས་དཀར་རི་བོའི་བར་གྱི་ལམ་བརྒྱུད་དེ་དར་མདོ་རྫོང་གི་སྐྱ་གད་གྲོང་རྡལ་ཞག་ཧ་དང་གངས་དཀར་རི་བོའི་གྲོང་རྡལ་ཚེར་མ་ཉག་ག་སོགས་སུ་སོང་ནས་ཕྱོགས་དང་ཟུར་མང་པོ་ནས་སི་ཁྲོན་གྱི་རི་རྒྱལ་གངས་དཀར་རི་བོའི་ཆེས་ལེགས་པའི་གཟིགས་ལྗོངས་གནས་དང་ཉེ་འཁོར་གྱི་མཛེས་ལྗོངས་ལ་བརྟག་ཞིབ་བྱས་པ་རེད། ཧྥུང་ཧྥ་ཀུའེ་ཡིས་གངས་དཀར་རི་བོ་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན་ལ་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་ཀྱི་རི་བོ་མཐོ་ཤོས་དང་འབྲི་ཆུའི་འབབ་རྒྱུད་ཀྱི་རི་བོ་མཐོ་ཤོས་ཀྱང་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་ཁྲེང་ཏུའུ་དང་ཁྲུང་ཆིང་གཉིས་དང་བར་ཐག་ཉེ་ཤོས་ཀྱི་རི་བོ་ཞིག་ཀྱང་རེད། ས་གནས་ཁག་གིས་གནས་ཆེན་གངས་དཀར་ས་ཁུལ་གྱི་གནས་ཐང་དང་ཁྱད་ཆོས། དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་བཅས་ལ་དམིགས་ཏེ་ས་ཁོངས་མི་འདྲ་བ་དང་འགྲུལ་ཁུངས་མི་འདྲ་བར་དམིགས་ནས་སྣེ་མང་ཅན་གྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་བྱས་ཏེ་མཛེས་ལྗོངས་ཁུལ་དག་མུ་ཏིག་ཕྲེང་བ་ལྟ་བུ་ཡུག་གཅིག་ཏུ་ཆགས་པར་བྱ་དགོས། གངས་དཀར་སྤུས་དག་འོས་སྦྱོར་འདུ་ཚོགས་སྔོན་ནས་ཇུས་འགོད་བྱས་ཏེ་གསེར་གྱི་རྟགས་མ་ཐོབ་མཁན་ཡུལ་སྐོར་སྣེ་ཤན་པ་དང་གཙོ་སྒྲོག་པ་ཁག་གཅིག་གསོ་སྐྱོང་བྱ་དགོས། S569སྐྱ་གད་ནས་གངས་དཀར་རི་བོའི་ལམ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་གངས་དཀར་རི་བོའི་མཛེས་ལྗོངས་ལྟ་ས་ཡག་པོ་དང་ཡུལ་སྐོར་ཐོན་ཁུངས་དང་རིན་ཐང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་གཞུང་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཞབས་ཞུའི་ས་ཚུགས་དང་ལྟ་སྐོར་སྟེགས་བུ། རླངས་འཁོར་འཇོག་ས་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་འཛུགས་སྐྲུན་བྱས་ནས་ནུས་ཤུགས་ཡོད་རྒུས་གངས་དཀར་རི་བོ་སྐོར་བའི་ཡུལ་སྐོར་གྱི་སྐོར་ལམ་ལེགས་ཤོས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྒྱལ་ལམ318སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭའི་དར་མདོ་ནས་ཉག་ཆུ་བར་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་དྲུག་པོ་ཁྱོན་ཡོངས་ནས་ཕུག་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།