གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།

        2023-11-07

གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།

སྤྱི་ཟླ11པའི་ཚེས3ནས5ཉིན་བར། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི2023ལོའི་ལྔ་གཉིས་གསུམ་སྒྲོག་འགྲེལ་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་མི་ཉག་རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་དུ་འཚོགས་པ་རེད། དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅུ་ཡན་ལེ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲི་ཧྭ་ཅུན་སོགས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་དང་ཁུལ་ནང་བསྟན་མཐུན་ཚོགས། གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་དམངས་ཆེན། གྲོང་ཁྱེར་སྲིད་གྲོས་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། དར་མདོ་གྲོང་ཁྱེར་ཡོངས་ཀྱི་དགོན་པ་དང་བཤད་གྲྭ31གི་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་མཁན་སྤྲུལ་གྲྭ་བཙུན260ལྷག་ཚོགས་འདུར་ཞུགས།


གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།


     ཚེས3ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཧྲེ་ཆན་གྱིས་ཚོགས་འདུར་གཙོ་སྐྱོང་བྱས་ཤིང་། དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡན་ལེ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་སྐྱོང་གནང་དགོས་ཚུལ་གྱི་གསུང་བཤད་གལ་ཆེན་གནང་པ་དང་། གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རིན་ཆེན་དབང་རྒྱལ་ལགས་ཀྱིས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུའི་ཐད་བླང་བྱ་དང་རེ་བ་བཏོན་པར་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ནས། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ལྷན་རྒྱས་ཚོགས་འདུར་ཕེབས་པར་དགའ་བསུ་ཞུ་བ་དང་འབྲེལ། འབྲེལ་ཡོད་ཚོགས་ཞུགས་ཀྱི་གྲྭ་བཙུན་སོ་སོས་སློབ་སྦྱོང་ལ་གཞོལ་ཤུགས་ཆེ་རུ་བཏང་ནས་ནང་བསྟན་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་། བསྟན་བཅོས་འཆད་འགྲེལ་ལ་ཤུགས་བསྣན་ནས་ནང་བསྟན་དུས་རབས་དང་མཐུན་པར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཚུལ་གྱི་གསུང་བཤད་གལ་ཆེན་གནང་ཞིང་། མཐར་རང་རེའི་གྲྭ་བཙུན་ཡོངས་ཀྱིས། གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ལུགས་འཆམ་མཐུན་དང་།  བསྟན་པ་ཡར་དར།  དགོན་སྡེ་ཞི་མཐུན་ཡོང་བའི་འགན་ལེན་བྱ་དགོས་པར་མ་ཟད། རང་གྲོང་ཁྱེར་གྱི་འཆམ་མཐུན་བདེ་འཇགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཡོང་བར་འབད་འབུངས་ཧུར་ཐག་གནང་དགོས་པ་བཅས་ཀྱི་བསླབ་བྱ་བཏོན།


གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།

     ཚེས4ཉིན་ལ། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་ཞིབ་འཇུག་པུའུ་ཡི་ཟླ་བ་ལྷ་མཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་རྒྱུའི་སྐོར་སྒྲོག་འགྲེལ་བྱས་ཤིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དངོས་མང་བཤམས་སྟོན་ཁང་གི་དགེ་རྒན་ཆེན་མོ་ཀུན་དབང་ལགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་རྒྱུན་འཁྱོངས་བྱེད་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྣེ་ཁྲིད་ཧུར་ཐག་བྱ་རྒྱུའི་སྐོར་སྒྲོག་འགྲེལ་བྱས།


གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།


     ཚེས5ཉིན། དར་མདོ་གྲོང་ཁྱེར་ནང་བསྟན་ལས་རིགས་ཀྱིས་སེམས་པ་གཅིག་གིས་མཐུན་སྒྲིལ་བརྩེ་བ་འཛུགས། ཆོས་ཀྱི་རོལ་དབྱངས་རྫོགས་ལྡན་དུས་ནས་དཀྲོལ་ཞེས་པའི་རྒྱ་གླིང་འབུད་རྩལ་གྱི་འགྲན་སྡུར་སྤེལ་ཞིང་། དགོན་པ་བཅུ་བདུན་གྱི་འགྲན་ཞུགས་པ་ལ་དཔྱད་འདེམ་པས་སྐར་མ་སྟེར་བ་བརྒྱུད་ནས་ཨང་རིམ་ལྟར་གྱི་བྱ་དགའི་གཟེངས་རྟགས་བཅས་གནང་།


གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།


     ཉིན་དེའི་ཕྱི་དྲོར། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ནན་གྱིས་སྐྱོང་། ཁྲིམས་ལྟར་ལུགས་ལྟར་ཆོས་སྲོལ་འཛུགས་སྐྱོང་བྱ་ཞེས་པའི་བརྗོད་དོན་གཙོ་བོའི་ནང་བསྟན་བསམ་བློ་འཛུགས་སྤེལ་གྱི་བགྲོ་གླེང་ཚོགས་འདུ་སྤེལ། དེ་ནས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དབང་འདུས་རྒྱལ་མཚན་གྱིས་རྗེས་མའི་ལས་ཀ་བཀོད་སྒྲིག་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཕྱོགས་བསྡོམས་གནང་ནས་མཇུག་གྲོལ་བའོ།།


གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྡོ་ར་དཀར་མོ་རུ་བྱེད་སྒོ་སྤེལ།

གསར་འགོད་པ། རང་བྱུང་། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:འདབ་པ་རྫོང་དུ་དམར་ཕྱིའི་པར་ཆས་ལས་གསའ་དང་གཟིག་དོང་ཙེ་མ་མཐོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།