གཡང་ཊིའི་འཛུམ་དཀར།

འོད།        2023-11-03

ཆུང་ཆུང་སྤང་ལྗོངས་སྔོན་མོའི་སེམས་གཞས་ཀྱི་རྩེད་རར། །

ཆུང་གྲོགས་བརྩེ་ཞེན་ཆུ་མོའི་འགྱུར་ཁུག་གིས་མཛེས་པ། །

ཆུང་དུས་སྣང་བརྙན་ནམ་མཁའི་སྒེའུ་ཁུང་ན་འཛུམ་པའི། །

ཆུང་འདྲིས་ལང་ཚོའི་ཟླ་དཀར་འཕྱོར་ཉམས་དེ་དྲན་བྱུང་། །

ཆུང་ཆུང་ཁོར་ཡུག་འཇའ་ཚོན་འོད་གུར་གྱི་སྒེག་པ། །

ཆུང་ངུའི་དཔེ་ཀློག་དུང་ཞེན་བསུང་ཞིམ་གྱིས་རོལ་བ། །

ཆུང་དོན་སེམས་ཀྱི་སྤྲོ་མགུར་ཤོག་སྨྱུག་ལ་འཐེན་པའི། །

ཆུང་གྲས་འཚོ་བའི་སྐྱིད་སྣང་མེ་ཏོག་གིས་ཁེབས་བྱུང་། །

ཆུང་དུས་ངང་རྒྱུད་གངས་ཆབ་ལྷུང་ལྷུང་གི་རོལ་མོས། །

ཆུང་མཉམ་ང་ཚོས་ཕུགས་འདུན་འོད་ལམ་དེ་བསུས་པ། །

ཆུང་གྲོགས་གཡང་ཊིའི་འཛུམ་དཀར་མེ་ལོང་གི་ཞལ་རས། །

ཆུང་མཐུན་སྙིང་གི་བརྩེ་བའི་ཚོན་མདོག་གིས་བཀྲུས་ཡོད། །

ཆུང་དུས་སྤྲིན་དཀར་ལོ་ཟླའི་དབྱིངས་རིམ་ནས་ཕར་ཡལ། །

ཆུང་འདྲིས་ངེད་གཉིས་ལས་སྐལ་གནམ་ས་ཡིས་བར་སྦྲེལ། །

ཆུང་གཅིག་སྣང་བའི་རྨི་ལམ་སྟོན་ཆར་གྱིས་མཇུག་བསྡུས། །

ཆུང་གྲོགས་དྲན་ཚེ་སྐྱོ་གདུང་སྨུག་ལྭ་ཡིས་སེམས་གཡོགས། །


  • ལེ་ཚན་སྔོན་མ།:སེམས་ཉིད་ཀྱི་རྨི་ལམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།